རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་འགོ་འཛུགས།

football_2013_7_21ཕྱི་ཟླ་༧ ཚེས་༢༡ ཉིན་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུ། རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་ཐེངས་སྐབས་ ༡༡ པ་དེ་དངོས་སུ་འགོ་འཛུགས་ཞུས་ཡོད་པ་དང་། འགྲན་སྡུར་ནང་རྒྱ་གར་དང་བལ་ཡུལ། ཁེ་ན་ཌ་བཅས་ནས་རུ་ཁག་ ༢༢ མཉམ་ཞུགས་བྱས་འདུག

football1_2013_7_21

དེ་ཡང་རྩེད་མོ་འགོ་འཛུགས་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་རྒྱུད་སྨད་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་གིས། “དེང་སྐབས་འཛམ་གླིང་ནང་རྩེད་མོ་དེ་ཚོ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་རེད། ཡིན་ནའང་བོད་ཀྱི་ན་གཞོན་ཚོ་རྐང་རྩེད་སྤོ་ལོ་རྐྱང་པའི་ནང་མགོ་མ་འཁོར་བར་དེང་དུས་ཀྱི་ཤེས་ཡོན་གྱི་ཐོག་ལ་དོ་སྣང་བྱེད་རྒྱུ་དང་ཤུགས་སྣོན་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད།” ཅེས་དང་། མཁན་རིན་པོ་ཆེས་མུ་མཐུད་དུ་“༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དུས་དང་རྣམ་པ་ཀུན་དུ་བཀའ་སློབ་གནང་བཞིན་པ་ལྟར། བྱམས་པ་དང་བརྩེ་བ། མི་ཡག་པོ་བྱ་རྒྱུ་གལ་ཆེན་པོ་རེད་”ཅེས་ལམ་སྟོན་གནང་སོང་།

གཞན་ཡང་ཧུན་སུར་ས་གནས་འགོ་འཛིན་ཡེ་ཤེས་ཆོས་སྒྲོན་གྱིས་ཀྱང་། རྩེད་མོ་བ་དང་ལྟད་མོ་རྣམས་ལ་ “རྩེད་མོའི་ནང་ལ་ཐོབ་ཤོར་ཡོང་གི་རེད། གཅིག་ཤོར་ཀྱི་རེད། གཅིག་ཐོབ་ཀྱི་རེད། ཡིན་ནའང་། ཚང་མས་དགའ་པོ་ཉེ་བོ་དེ་འདྲ་ལ་ཕན་ཚུན་ཕྱོགས་རེས་མ་བྱས་པར་སུས་དྲང་པོ་རྩེད་ཀྱི་འདུག སུ་ཡག་པོ་རྩེད་ཀྱི་འདུག སུ་ཡ་རབས་དང་སྒྲིག་གཞི་དང་མཐུན་པ་རྩེད་ཀྱི་ཡོད་ན་དེ་ལ་རྒྱབ་བསྐྱོར་གནང་རོགས་གྱིས་”གསུངས་སོང་།

གཞན་ཡང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་སྤྱི་ཁྱབ་འགན་འཛིན་སྐལ་བཟང་དོན་འགྲུབ་ཀྱིས་རྐང་རྩེད་སྤོ་ལོ་འགྲན་སྡུར་གྱི་དམིགས་ཡུལ་སྐོར་བརྗོད་སྐབས། ཁོང་གིས་གཅིག་༧གོང་ས་མཆོག་གི་མ་ཡུམ་དམ་པའི་བཀའ་དྲིན་རྗེས་དྲན་ཞུ་བ་དང་། གཉིས་པ་བོད་རིགས་རྩེད་འགྲན་པ་རྣམས་ཕན་ཚུན་ངོ་ཤེས་པ་དང་མཐུན་ལམ་ཡོང་བ། གསུམ་བོད་རྒྱལ་ཡོངས་རྩེད་འགྲན་ཚོགས་པའི་ནང་རྩེད་འགྲན་པ་དྲག་འདེམས་ཡོང་ཐུབ་པ་བཅས་ལ་དམིགས་ཡོད་སྐོར་བརྗོད་སོང་། གཞན་སྐལ་བཟང་དོན་འགྲུབ་ཀྱིས་རྩེད་མོ་རྩེ་བའི་སྐབས་སུ་རྩེད་མོའི་ངོ་བོ་ཤེས་པའི་ཐོག་ནས་ཕན་ཚུན་གཅིག་གིས་གཅིག་ལ་ཆགས་སྡང་བྱེད་མི་འོས་པ་དང་། གལ་ཏེ་སེམས་ལ་ང་རྒྱལ་ཆགས་སྡང་སྐྱེས་སྐབས་༸གོང་ས་མཆོག་གིས་བཀའ་སློབ་གནང་བ་བཞིན་ཁོང་གི་ཞལ་རས་དྲན་པ་བྱེད་དགོས་སྐོར་ཀྱི་ལམ་སྟོན་གནང་སོང་།

འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ནང་རྒྱ་གར་དང་བལ་ཡུལ། ཁེ་ན་ཌ་བཅས་རྒྱལ་ཁབ་ཁག་གསུམ་ནས་རྩེད་མོའི་རི་ཁག་གྲངས་ ༢༢ མཉམ་ཞུགས་བྱས་ཡོད་པ་དང་། དེ་ནི་ཕྱི་ལོ་ ༡༩༨༡ ལོ་ནས་ད་ལྟའི་བར་རྩེད་འགྲན་རུ་ཁག་མང་ཤོས་ཤིག་ཡིན་ཞེས་དྲུང་ཆེ་སྐལ་བཟང་དོན་འགྲུབ་ཀྱིས་བརྗོད་སོང་།

football2_2013_7_21རྒྱལ་ཡུལ་ཆེན་མོའི་རྐང་རྩེད་སྤོ་ལོ་དེ་ཉིན་བཅུ་གཉིས་ཀྱི་རིང་ལ་འགྲན་སྡུར་བྱ་རྒྱུ་ཡིན་པ་དང་། ཕྱི་ཟླ་ ༨ པའི་ཚེས་ ༡ ཉིན་མཐའ་མའི་འགྲན་སྡུར་བྱེད་རྒྱུ་ཡིན་འདུག  ཐེངས་འདིའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ཁྲོད་ཞུགས་པའི་རུ་ཁག་ཁག་ནི། མ་ངྷི་ར་སིའི་མཚམས་དང་བལ་ཡུལ་ཀ་ཐ་མན་གྲུའི་ཆོལ་གསུམ་ཆིག་སྒྲིལ་རུ་ཁག  ཁེ་ན་ཌའི་ཊོ་རིན་ཊོ་རུ་ཁག  ངྷ་ཧོར་ཕུན་ཚོགས་གླིང་རུ་ཁག  ན་གྷ་ལན་ཌི་ཀོ་ཧེ་མ་རུ་ཁག  བོད་ཁྱིམ་མཉམ་འབྲེལ་རུ་ཁག   ཀེ་རཱ་ལ་རུ་ཁག སྤེལ་ཀོབ་རུ་ཁག  མོན་གྷོ་འདོད་རྒུ་གླིང་རུ་ཁག མན་ལོར་རུ་ཁག  དོན་འགྲུབ་གླིང་རུ་ཁག  ཧོན་སུར་རབ་རྒྱས་གླིང་རུ་ཁག  ཨོ་རི་ས་ཕུན་ཚོགས་གླིང་རུ་ཁག  སྤེལ་ཀོལ་བདེ་སླར་རུ་ཁག  སྦོག་ར་བློ་སྒྲིག་དཔལ་འབྱོར་གླིང་རུ་ཁག བེ་རྗེ་ཝ་ར་རུ་ཁག བྷ་རོ་ཊ་རུ་ཁག སྤོག་ར་བཀྲ་ཤིས་དཔལ་འཁྱིལ་རུ་ཁག  གྷོ་བ་རུ་ཁག ལྡི་ལི་རུ་ཁག  མེའུ་འུ་ཆོས་འཕེལ་གླིང་རུ་ཁག ཧོན་སུར་རབ་རྒྱས་གླིང་རུ་ཁག  ཤི་ལོང་གངས་ལྗོངས་རུ་ཁག་བཅས་ཡིན་པ་རེད།

football_2013_7_21

ཉིན་དང་པོའི་ཐོག་མའི་འགྲན་སྡུར་རུ་ཁག་ནི་ལྡི་ལི་དང་ཨུ་རུ་ས་ས་གནས་ཀྱི་རུ་ཁག་གཉིས་ཀྱི་བར་འགྲན་སྡུར་བྱས་སོང་། རྩེད་མོ་་རྣམས་ཀྱིས་བོད་བསྟན་སྲིད་རང་དབང་སླར་གསོའི་ཆེད་དུ་བོད་ཕྱི་ནང་དུ་རང་ལུས་མེར་སྲེག་གཏོང་བ་སོགས་ཀྱིས་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་པར་དཔུང་པར་རས་ནག་པོ་རེ་བཏག་འདུག་ལ། རྩེད་མོ་དེ་འགོ་འཛུགས་སྐབས་སུ་ཡང་བོད་ནང་གི་བོད་མིའི་གནས་བབ་དྲན་གསོ་དང་། ལུས་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་འདུད་ཀྱང་ཞུས་སོང་།

བོད་རྒྱལས་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་གནང་བཞིན་པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོ་འགྲན་བསྡུར་དེ་ནི། ཕྱི་ལོ་ ༡༩༨༡ ལོར་བོད་ཕྲུག་ཁྱིམ་སྡེའི་རྩིས་དཔོན་ཟུར་བ་ཇོ་བོ་ཚེ་རིང་གིས་གསར་འཛུགས་གནང་ཡོད་པ་རེད།

མེ་སོར་གསར་འགོད་པས།