༄༅།། ཕུགས་ཀྱི་འདུན་པ།

༄༅།།  ཕུགས་ཀྱི་འདུན་པ།

རང་བཙན་མི་དགོས་མ་གསུངས།།

རང་བཙན་བོད་མིའི་དམིགས་ཡུལ།།

རང་བཙན་སླར་གསོའི་ཆེད་དུ།།

སྐུ་སྲོག་ཤོར་པ་མཁྱེན་ནམ།

སེམས་ཀྱི་གཏིང་གི་དད་འདུན།།

རང་བཙན་གཙང་མ་ལོས་ཡིན།།

འགྱུར་མེད་དད་གདུང་ངོགས་སུ།།

རང་བཙན་གཙང་མ་བྲིས་ཡོད།།

ཡ་མེད་དཔའ་བོའི་འདི་ཚོས།།

ཕུགས་ཀྱི་དམིགས་ཡུལ་གཙང་མ།།

རང་བཙན་དངོས་གནས་རེད་ཤག།

རང་བཙན་གྲུབ་མཐའ་མ་འདོར།།

རྒྱ་དམར་ཚང་གི་རྐང་རྗེས།།

འཚོལ་བའི་ང་ཚོ་ཅི་བྱ།།

བོད་རྒྱ་ཁ་ཁར་བྱ་དགོས།།

རྒྱབ་སྐྱོར་ཡོད་མེད་མ་རེད།།

མི་རབས་གསར་པའི་དཔུང་ཁག།།

རྒན་ཡོལ་བརྒྱ་ཅུ་ཡན་ཆོད།།

བྲང་ཁོག་གདོང་ལ་བྲིས་པ།།

རང་བཙན་གཙང་མ་ཡིན་ནོ།།

ཆོས་དང་ཆབ་སྲིད་མ་བསྲེས།།

དམིགས་ཡུལ་ཁ་ཁར་ཡིན་ནོ།།

ཆོས་ལུགས་ལག་ཆ་བྱས་ཏེ།།

 སྲིད་ཀྱིས་མགོ་ལ་མ་གཞུས།།

རང་བཙན་གྲུབ་མཐའི་གཞུང་ལུགས།།

ཐར་བའི་གསེབ་ལ་མ་གཡུག།།

འཇིགས་སྐུལ་འབག་འཆབ་གཡུག་ཏེ།།

གནས་ལུགས་གདོང་ལ་འབུད་རོགས།། 

བདེན་པའི་དྲང་གཏམ་དམར་རྗེན།།

 ཁེར་རྐྱང་གསེར་འབྲོང་བུ་ངས།།

 རོ་བོ་ཧི་ལ་ཅར་ནས།།

 སྙུག་གིས་རྩེ་ནས་འཐོར་སོང་།། དཔལ་ཤུལ་བསོད་ནམས་ཕུན་ཚོགས་སམ་གསེར་འབྲོང་སྲས་ཀྱིས་

 

བོད་ཀྱི་ཟློས་གར་ཚོགས་པའི་ཉེ་འཁྲིས་སུ་སུག་བྲིས་བགྱིས་སོ།། ༢༠༡༣  ༧  ༡༥