༄༅།། རང་བཙན་དང་དབུས་ལམ།
༄༅།། རང་བཙན་དང་དབུས་ལམ།
རང་བཙན་གྱི་རྐང་ལམ་ཕྲ་མོ།།
རང་མི་ཚོས་འཕྲེད་ལ་བཅད་སོང་།།
དབུ་ལམ་གྱི་གངས་ལྗོངས་སྐྱིད་གཤོངས།།
ལྟ་བ་དེ་སྔར་ལས་མཁྲེགས་སོང་།།
གཞོན་ནུ་ཚོའི་རང་བཙན་འཐབ་རྩོད།།
རླུང་གསེབ་གྱི་མར་མེ་འདྲ་སོང་།།
གནོན་ཤུགས་ཀྱི་རི་བོའི་འོག་ཏུ།།
རང་བཙན་གྱི་འཐབ་རྩོད་ཉམ་ཆུང་།།
དབུས་ལམ་གྱི་ཁ་བྱང་མཁྲེགས་པོ།།
གཞུང་ལུགས་ཀྱི་ཚིག་རིས་མཁྲེགས་པོ།།
སྲིད་དོན་གྱི་བེད་སྤྱོད་ལག་ཆ།།
རང་མགོ་ལ་བསྐོར་བའི་སྐྱོ་སོང་།།
རང་བཙན་གྱི་ཐབས་ལམ་འདི་ལ།།
དོན་གནས་གྱི་ཕུགས་བསམ་ཟབ་ཀྱང་།།
དབུས་ལམ་གྱི་ལག་ཆ་བྱས་ཏེ།།
རང་བཙན་གྱི་དབུ་ལ་བསྣུན་སོང་།།
བདེན་དོན་གྱི་མེ་ལྕེ་དམར་པོ།།
རང་བཙན་གྱི་ཆེད་དུ་སྤར་སོང་།།
དཔའ་རྒོད་ཚོས་འདས་ཁའི་ཞལ་ཆེམས།།
རང་བཙན་གྱི་འབོད་སྒྲ་རེད་ཤག།
དབུ་ལམ་དང་རང་བཙན་ལྟ་གྲུབ།།
བདེན་དོན་གྱི་ལོ་རྒྱུས་ཡོད་མེད།།
ང་དགུ་ལོའི་ཤོར་བས་རང་གཞུང་།།
དབུས་ལམ་དང་རང་བཙན་གང་ངམ???
དཔལ་ཤུལ་བསོད་ནམས་ཕུན་ཚོགས་སམ་གསེར་འབྲོང་སྲས་ཀྱིས་
བོད་ཁྱིམ་སློབ་གླིང་གི་ཉི་འཁྲིས་སུ་སུག་བྲིས་བགྱིས་སོ།།
༢༠༡༣ ༧ ༢༣