༄༅།།ང་མི་འདུག་འདི་ནས་རྒྱང་དུ་འགྲོ།།
གནས་དཀའ་སྡུག་ཆེ་བའི་གཞན་ཡུལ་ནས།།
ངས་ཤེས་རིག་གོ་འཕང་འཚོལ་བཞིན་ཡོད།།
ང་མི་འདུག་འདི་ནས་རྒྱང་དུ་འགྲོ།།
དགུང་གཤོག་རྩལ་སྦྱོང་བའི་གནས་སུ་འགྲོ།།
སྔོན་མི་ལོ་སྟོང་གི་ཡར་སྔོན་ནས།།
ངའི་ཕ་མེས་དམ་པའི་མཛད་རྗེས་དག
སྙིང་དམར་པོའི་དཀྱིལ་ན་འཁོར་བཞིན་དུ།།
ང་མི་འདུག་འདི་ནས་རྒྱང་དུ་འགྲོ།།
ངས་ཕ་མེས་གནའ་གཏམ་ཉན་དུ་འགྲོ།།
ངས་དབྱངས་གསལ་མེ་ཏོག་མཇལ་དུ་འགྲོ།།
ངས་སྙན་ཚིག་གླུ་དབྱངས་སྦྱོང་དུ་འགྲོ།།
ང་མི་འདུག་འདི་ནས་རྒྱང་དུ་འགྲོ།།
ང་མི་འདུག་སླར་ཡང་འགྲོ་བཞིན་ཡོད།།
གནས་འདི་དང་བྲལ་ནས་འགྲོ་བཞིན་ཡོད།།
ངས་ཤེས་རིག་རྒྱ་མཚོའི་དཀྱིལ་མཁོར་ན།།
ཉ་སེར་ཉའི་ངང་ཚུལ་བཟུང་དུ་འགྲོ།།
ང་མགོ་ནག་བོད་ཀྱི་རིགས་སུ་སྐྱེས།།
ཡིད་དུངས་ས་ཀ་མས་གསུམ་བཅུ་ཡིན།།
ངས་ཀ་ཁའི་དབྱངས་རྟ་གྱེར་དུ་འགྲོ།།
ང་མི་འདུག་འདི་ནས་རྒྱང་དུ་འགྲོ།།
ནུབ་ཉི་མ་བཞུད་པའི་གནས་མཆོག་ན།།
ངའི་ཕ་མེས་དམ་པའི་རིང་བསྲེལ་ཡོད།།
ངས་མེས་པོའི་སྐུ་དྲིན་འཇལ་དུ་འགྲོ།།
ང་མི་འདུག་འདི་ནས་རྒྱང་དུ་འགྲོ།།
ཁྱོད་ཐོན་མི་ལ་སོགས་སྐུ་དྲིན་ཅན།།
ངས་དགའ་ས་དུངས་ས་ཁྱེད་ཚོ་ཡིན།།
ངས་ཁྱོད་ཀྱི་ཕ་མཁར་བཟུང་དུ་འགྲོ།།
ང་མི་འདུག་འདི་ནས་རྒྱང་དུ་འགྲོ།།
ནུབ་ཉི་མ་བཞུད་པའི་ས་མཚམས་ན།།
ཆེས་མཛེས་སྡུག་ལྡན་པའི་ལྡུམ་ར་ཡོད།།
དེར་འདབ་བརྒྱ་བཞད་པའི་མེ་ཏོག་ཡོད།།
ང་མི་འདུག་འདི་ནས་རྒྱང་དུ་འགྲོ།།
སྤྱི་ལོ་༢༢༠༡༣ཟླ་བ་༧ཚེས་༢༤ཉིན་བྲིས།