འབྲས་སྤུངས་སུ་ཞབས་རིམ་གསོག་སྒྲུབ།
ཉེ་ཆར་༧གོང་ས་མཆོག་གིས་བཀའ་སློབ་གནང་བ་བཞིན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་ཡོད་པའི་གདན་ས་གྲྭ་ཚང་ཁག་དང་གཞིས་གྲོང་ཁག་བཅས་ཁོངས་སོ་སོའི་བླ་སྤྱི་དང་སྤྱི་ཁང་བཅས་སུ་ཟླ་འདིའི་ཚེས་༡ ནས་བཟུང་དུས་ཚོད་རྒྱས་བཅད་ཀྱི་ཤེར་སྙིང་དང་འཕགས་བསྟོད། མ་ཎི་བཅས་གསོག་སྒྲུབ་བྱེད་བཞིན་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༦ པའི་ཐོག་དམིགས་བསལ་འབྲས་སྤུངས་བླ་སྤྱིའི་གོ་སྒྲིག་འོག སྲིད་སྐྱོང་བློ་བཟང་སེངྒེའི་སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་ལོ་གཉིས་ཧྲིལ་པོ་འཁོར་བའི་དུས་ཚིགས་དང་སྟབས་བསྟུན། བོད་བསྟན་སྲིད་སྤྱི་ཡོངས་ལ་དམིགས་ནས་ཞབས་རིམ་གསོག་སྒྲུབ་དང་མཆོད་འབུལ་སྨོན་ལམ་གསུང་འདོན་སོགས་ཆོས་ཕྱོགས་ཀྱི་མཛད་རིམ་ཞིག་འཚོགས་ཡོད་པ་རེད།
ལས་འགུལ་ཐོག་འབྲས་སྤུངས་ཆོས་སྒར་གྱི་མཁན་ལས་ཟུར་རྣམས་པ་གཙོས་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ། དགེ་འདུན་འདས་མང་ཡོངས་མཉམ་ཞུགས་གནང་ཡོད་པ་རེད།།
མོན་གྷོ་གསར་འགོད་པས།
