དཔེ་རྒྱན།།
ངེས་པའི་དཔེ།
ཕན་མཛད་ཁྱོད་ཀྱི་བསྟན་པ་གདུགས་དཀར་ཁྱོན།།
གསེར་གཞི་ཕོག་པའི་ཁ་བའི་ལྷུན་པོ་ཡི།།
རྗེས་སུ་འགྲོ་མོད་དེ་ལས་གཞན་གྱི་དཔེ།།
རྗེན་དང་རྗེས་སུ་དཔག་པའི་ཡུལ་ལས་འགོངས།།
ངེས་མེད་ཀྱི་དཔེ།
དེང་དུས་ཁ་བའི་ལྗོངས་སུ་མནར་སྤྱོད་ཀྱི།།
གདུང་བའི་ཚུལ་དེ་དམྱལ་བ་མནར་མེད་བཞིན།།
ད་དུང་དེ་བཞིན་མཚན་ཉིད་མཐུན་པའི་དངོས།།
མཐོང་ཐོས་གྱུར་ན་དཔེ་རུ་ཅིས་མི་གཟུང་།།
བསྡུས་པའི་དཔེ།།
ཚེ་དབང་ལྷ་མོ་སྙན་པའི་གླུ་དབྱངས་དང་།།
ལྡན་པ་ཁོ་ནས་ཚངས་སྲས་ལྷ་མོ་ཡི།།
རྗེས་སུ་འགྲོ་མིན་མཛའ་བའི་འཛུམ་མདངས་དེས།།
ཕོ་སྐྱེས་དར་མའི་བརྟན་པ་འཕྲོག་འདིས་ཀྱང་།།
ཕུལ་བྱུང་དཔེ།
ས་སྐྱ་པཎ་ཆེན་སྔོན་བྱོན་མཁས་པའི་ཏོག །
ཟམ་གདོང་བླ་མ་དེང་དུས་དྲན་དབང་གི །
གཙུག་གི་རྒྱན་དུ་གྱུར་པ་དེ་ཙམ་ལས།།
འབྱེད་ཆོས་གཞན་ནི་ནམ་མཁའི་མེ་ཏོག་ཉིད།།