ཚོད་ལྟ།

མེ་ཏོག་ལ་དགོས་པ་ཉི་འོད།

རྩ་རྩི་ཐོག་ལ་དགོས་པ་ཟིལ་པ།།

འཇིག་རྟེན་ལ་དགོས་་པ་མཛེས་སྡུག

ང་ལ་དགོས་པ་ཁྱོད།

ལོ་ཟླ་བཞུད་སྲིད།

མི་ཆུ་སྐམ་སྲིད།

ངེད་གཉིས་ཀྱི་བརྩེ་བ།

ནམ་ཡང་འཇིག་མི་སྲིད།

ཉིན་ཞིག་ཁྱེད་ཀྱི་ང་འདྲི་སྲིད།

ཁྱེད་ལ་ང་གལ་ཆེའམ།

ཁྱེད་རང་གི་མི་ཚེ་གལ་ཆེ།

སྐབས་དེར་ངས་ཁྱེད་ལ་བརྗོད་རྒྱུར།

ཁྱེད་རང་ངའི་མི་ཚེ་ཡིན་པ་ཁྱེད་ཀྱིས་མ་ཤེར་པར།

ཁྱེད་རང་ང་དང་ཁ་བྲལ་སྲིད།

 ཁྱེད་ལ་དྲན་མཁན་ཞིག་ཡོད་དུས་སྐྱིད་པོ་ཚོར་སྲིད།

ཁྱེད་ལ་བརྩེ་བ་སྤྲད་མཁན་ཡོད་དུས་དགའ་ཡང་སྲིད།

འོན་ཀྱང་ཁྱེད་རང་ནམ་ཡང་མི་བརྗེད་མཁན་ཞིག་ཡོད་དུས།

དེ་ནི་ཁྱེད་ཀྱི་ཚོར་བ་སྐྱིད་ཤོས་ནང་གི་སྐྱིད་ཤོས་རེད།

 གྲོགས་པོ་གསར་པ་ཡིན་སྐབས་ཡིད་དུ་འོང་མོད།

གྲོགས་པོ་ངོ་མ་ཡིན་ཚེ་ལྷག་པར་ཡིད་དུ་འོང་ངེས།

འོན་ཀྱང་ཁྱེད་ཀྱིས་ཤེས་ཀྱི་ཡོད་དམ།

གྲོགས་པོ་དེ་ཁྱེད་ཡིན་ཚེ། ངའི་ཡིད་དུ་འོས་ཤོས་ཡིན།