མཐོལ་ལོ་བཤགས།།
ས་ཆེན་པོ་འཛམ་གླིང་མཐོ་སྒང་སྟེངས།།
ལས་རྒྱུ་འབྲས་མི་བསམ་སྤྲུལ་སྐུ་འགས།།
མི་ཤི་གསོན་གཉིས་ཀའི་འབུལ་བ་བཞེས།།
འདི་ཕྱི་མ་མི་བསམ་འཁོར་བ་ཁྱམ།།
སྡོམ་ཚུལ་ཁྲིམས་མི་བསྲུང་དུད་ཆང་བཞེས།།
སྡིག་ཆེ་བའི་སྤྲུལ་སྐུ་མཐོལ་ལོ་བཤགས།།
ས་ཆེན་པོ་འཛམ་གླིང་མཐོ་སྒང་སྟེངས།།
ལས་རྒྱུ་འབྲས་མི་བསམ་དཔོན་པོ་འགས།།
འབངས་མི་སེར་རྒྱུ་ནོར་ཧམ་བཟའ་བྱས།།
ཆོལ་གསུམ་པོའི་གཅིག་སྒྲིལ་ཡོངས་སུ་གཏོར།།
ཁྲིམས་དྲང་བདེན་མི་སྐྱོངས་སྒོར་མོ་བསམ།།
དཔོན་ངན་པ་འདི་ཚོ་མཐོལ་ལོ་བཤགས།།
ས་ཆེན་པོ་འཛམ་གླིང་མཐོ་སྒང་སྟེངས།།
སྡུག་མྱོང་བའི་ཉམས་ཐག་ཕོ་རྒོད་ཚོས།།
བོད་རྒྱལ་ཁབ་བདེ་སྐྱེད་རང་དབང་ཆེད།།
རྙེད་དཀའ་བའི་དལ་འབྱོར་མི་ལུས་དེ།།
མེ་བསྲེགས་ནས་གངས་ཅན་ལྗོངས་ལ་ཕུལ།།
ཚེ་ཕྱི་མ་དག་ཞིང་སྨོན་ལམ་འདེབས།།