ཐོལ་བྱུང་གི་སྐྱོ་གཞས།

སེམས་ཀྱི་མྱོང་གྲུབ་ཁད་ཀྱིས་གདུ་སྐབས།།

རུས་རྐང་གསེབ་ལ་ཚོར་བ་སོབ་སོབ།།

ལོ་ནས་ལོ་རུ་འཕྱུར་སྟངས་རེ་ལ།།

དུང་བའི་ཟམ་ཤིང་འཕྲེད་ལ་བཅད་སོང་། 

 

དུར་ཁུང་ནང་ནས་མིག་ཆུ་གྲང་མོ།།
རྡ་སའི་རི་ལ་ཟག་ཐེངས་རེ་ལ།། 

སྐྱོ་དུང་གསེབ་ནས་ཤུགས་རིང་གཟེན་མོ།། 

བྲང་ཁོག་ནང་ནས་སླར་ཡང་འཕྱུར་སོང་། 

མི་ཡུལ་འདི་ནས་དཀའ་སྐྱོ་འདྲེས་མ།། 

གཙང་བོའི་རླབས་ཀྱི་ཟེགས་མ་བཞིན་དུ།།

ཆད་པ་མེད་པར་བཞུར་ཐེངས་རེ་ལ།།

རེ་བཞག་གསོན་པོའི་ཤུལ་ལམ་བསུབ་སོང་། 

ད་དུང་རྒྱང་རིང་བྱང་ཕྱོགས་འདི་ནས།།

རེ་སྒུག་ཞིག་ལ་བློས་བཏང་བྱས་ཏེ།།

བྲེལ་འཚབ་ཀློང་ནས་མི་ཚེ་རྫོགས་བཞིན།། 

ཉི་ཟེར་འོག་ནས་རྒྱང་ལ་ཅེར་ཡོད།། 

དྲན་ངོགས་ཀློང་ན་སྐོས་པའི་རི་མོ་གསོན་པོ།།

ཡལ་མེད་རྨི་ལམ་ཞིང་ནས་རྨིས་ཐེངས་རེ་ལ།།

འཇིག་རྟེན་འདི་ནས་རྙེད་པའི་སྣང་བརྙན་ལམ་ལམ།།

འཚོ་བའི་ཁ་ཕྱོགས་རིང་མོ་སེམས་ལ་སྤར་ཡོད།། 

སྙིང་གི་གསེབ་ན་འགྱུ་བའི་ཚོར་རླབས་རྣོན་པོ།། 

གསེར་སྨྱོན་འབྲོང་སྲས་བུ་ངས་ཡིག་ཐོག་ཕབ་སྟེ།། 

དྲན་རྟེན་གསོན་པོ་ཞིག་གི་འཇིག་རྟེན་བཞེང་འདོད།།

རེ་བ་རིང་མོ་ཞིག་ལ་ཡོད་ཆེས་བྱས་ཡོད།།

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་

འབོད་པས་སུག་བྲིས་བགྱིས་སོ།།  ༢༡༠༢    ༣  ༡༠