༄༅།།མེ་ཕུང་ཁྲོད་ཀྱི་ཕོ་རྒོད།

 

༄༅།།མེ་ཕུང་ཁྲོད་ཀྱི་ཕོ་རྒོད།

ཆོད་སེམས་ཀྱི་མེ་ལྕེ་གྱེད་དུ་འབར་བའི་རླབས་ཆེན་གྱི་

ཕོ་རྒོད་ལགས།   གཅེས་སྲོག་གི་རིན་ཐང་མེ་ལྕེའི་གསེབ་ན་འབར་བའི་

ཡ་མེད་ཀྱི་རྒྱལ་སྲས་དམ་པ། 

ཁྱེད་ཀྱི་མི་ཡུལ་ལ་གཟི་བརྗིད་དང་འོད་སྣང་གིས་སྟེགས་བུ་བསྐྲུན།

  མི་ཡུལ་གྱི་སེམས་དབའ་ཆེན་པོ་མུན་ནག་ཁྲོད་ཀྱི་མར་མེ་

མཚན་འབར།     ཟུང་ཁྲག་གི་ཚོར་ཤུགས་དྲག་ཏུ་ལྡང་བའི་འབྲོང་གི་

བུ་རྒྱུད།

བདེན་དོན་གྱིས་དབུ་ཁྱུད་གསར་བ་གནམ་འོག་ལ་བསྐྲུན། 

མི་ཡུལ་གྱི་ཕོ་རྒོད་དམ་པ་ཞི་བདེའི་འོད་སྣང་བསྒུག་པའི་

གངས་རིའི་ཕོ་ཉ་ལགས།  

གསེར་་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་་སྲས་སུ་འབོད་པས་སུག་བྲིས་བགྱིས་སོ།།  ༢༡༠༢  ༣  ༡༤