སྣ་གཅིག་དང་སྣ་ཁུངས་གཉིས་ཅན་གྱི་དུས་བབ་དང་ཁ་བརྡ་དྲ་བ།
དུས་བབ་ཚང་གིས་སྤྱི་འཐཱུས་བཅུ་གཉིས་གྲོས་ཚོགས་ནས་ཕྱིར་ཐོན་པ་ཞེས་མདོ་སྟོད་སྤྱི་འཐུས་བཅུ་གཉིས་གྲོས་ཚོགས་ནས་ཕྱིར་ཐོན་པའི་གནས་ཚུལ་དེ་དང་། སྤྱི་འཐུས་ཀརྨ་ཆོས་འཕེལ་ར་བཟི་འདུག་ཅེས་པ་རྣམས་ཆེད་དུ་མང་ཚོགས་ལ་བསམ་སྦྱོར་ངན་པ་འབྱུང་སླད་ཟུར་འཇོག་གིས་ལོ་དང་ལོ་བསྟུན་ནས་བཞག་ཡོད་པ་ནི་དྲ་བ་དེར་བལྟས་ན་རིག་ངེས་ཡིན།
ཡང་ནམ་རྒྱུན་ནས་རྙོག་ཟིང་ཕྲ་ལ་ཕན་བུའི་རིགས་ལ་ཆེད་གཉེར་གྱིས་དོ་བདག་སོ་སོར་བཅར་འདྲི་བྱེད་གི་འདུག དེ་ཚོ་ཡག་པོ་འདུག་དེ། གནས་ཚུལ་འགའ་དང་ཐུག་དུས་མ་གོ་མདོག་མདོག་དང་། མ་ཚོར་མདོག་མདོག་གིས་རྣ་བ་བཀབ་མིག་བཙུམ་ནས་བསྡད་ན་ཡག་པོ་མ་རེད་བ། དཔེར་ན་བོད་ཀྱི་ལོ་རྒྱུས་ནང་གྲགས་སོང་པའི་ཇག་པ་སྤྱི་འཐུས་ཅན་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས། བོད་གཞུང་མང་གཉིས་ཁྲིམས་ལ་སྦྱར། ད་དུང་གྲོས་ཚོགས་ནང་འདུག་གི་ཡོད་པ་འདི་དག་ལ་སྤྱི་འཐུས་རྒྱུན་ལས་དང་། དེ་བཞིན་ཟླ་ཚེ་རང་ཉིད། དེ་མིན་ཁྲིམས་པ་སོགས་ལ་གང་འདྲ་ཡིན་མིན་ཐད་བཅར་འདྲི་བྱེད་འོས་ཀྱང་། དེ་ཚོ་གཏན་ནས་ཟུར་འཇོག་བྱེད་གི་ཡོད།
དེ་ལྟར་ཁྲིམས་རྩོད་པ་ཡབ་ཆེན་པ་སངས་ཚེ་དབང་གིས་ཐེངས་མང་རིམ་འཐུད་ཀྱིས་བོད་གཞུང་ལ་ཁྲིམས་བཏུག་པ་དང་། རྒྱ་གར་གཞུང་ལ་སྦྱར་དུས་ཀྱང་ཁྲིམས་ཐོབ་པའི་གནས་ཚུལ་མང་པོ་བྱུང་བ་མ་ཟད། ཁྲིམས་ཞིབ་ཁང་གིས་གནས་ཚུལ་གསང་སྦས་བྱས་པའི་ནག་ཉེས་ལ་ལྟ་ཚུལ། ད་དུང་གྲོས་ཚོགས་ཀྱིས་དེའི་སྐོར་གཏན་ནས་གླེང་གི་མེད་པ་དང་། གྲོས་འཆར་ཁྱེར་ཀྱང་གྲོས་ཆོད་མེད་པ་འདི་རིགས་ལ་སྡིག་པ་མིག་བཙུམ་བྱེད་པ་རེད།
ད་དུང་གྲོས་ཚོགས་གཙོ་སྤེན་པ་ཚེ་ལ་སྐབས་༡༤ པ་མིན་ནམ་དྲན། དེའི་དུས་བཀའ་བློན་གདམ་སྐབས་བསོད་ནམས་སྟོབས་རྒྱལ་གྱིས་ཇག་པོ་མི་གསོད་ལག་དམར་རེད་ཅེས་བཀའ་བློན་ནས་ཕྱིར་འཐེན་པ་ན་དུས་བབ་ཁ་བཙུམ་ཡོད་པ་དང་། བརྒྱུད་ལམ་ཁག་ཏུ་གཏན་འགོག་བྱས་སོང་།
ད་རེས་རྐུན་མ་འཐུས་མ་ཀརྟི་སྒྲོལ་དཀར་ལྷ་མོའི་གནས་ཚུལ་ལྷག་དུས་ཀྱང་གོ་ཐོས་གཏན་ནས་མེད་པ། རང་གར་བསྡད་འདུག ནམ་རྒྱུན་ནས་དུས་བབ་ཀྱི་གསར་འགྱུར་རྣམས་ནི་བང་ཆེན་དང་ཨེ་ཤི་ཡ་སོགས་ནས་རྐུ་བཤུས་བྱེད་རྒྱུ་ཙམ་ལས། རང་ཉིད་ཀྱིས་རག་བཞག་པ་ནི། སྙིང་ནད་སོང་བྱེད་ཀྱི་གསར་འགྱུར་དང་བཅར་འདྲི་ཁག་ཅིག་རེད། དཔེར་ན་ཀརྨ་ཆོས་འཔེལ་རག་བཟི་འདུག་ཅེས་པ་སོགས་དཀྲོགས་གཏམ་རིགས།
དྲ་བ་དེ་གཉིས་ཀྱི་ནང་དུ་མཆན་བུ་དང་རྩོམ་ཡིག་རིགས་གཏོང་ན། ཁོང་རང་ཚོའི་ཕྱོགས་གཏོགས་ཀྱི་སྐྱོན་འཚང་བདེན་འཚོལ་བྱས་ཡོད་པ་དང་། ཕྱོགས་མི་གཏོགས་ཚོའི་ལོ་རྒྱུས་ལྡན་པའི་བྱས་རྗེས་རིགས་བསྒྲགས་ཚེ་གཏན་ནས་མི་འགོད་པ་དང་། གལ་སྲིད་དེ་རིགས་ཟིན་བྲིས་སྤེལ་བ་དང་། མཆན་བུ་འགོད་པ་སོགས་བྱས་ཚེ་ནག་གསུབ་བྱེད་ཀི་ཡོད་པ་ནི་གུང་ཁྲན་ཏང་གི་བྱེད་སྟངས་རང་རེད། ངས་རྐུ་མ་འཐུས་མི་སྒྲོལ་དཀར་ལྷ་མོ་དང་། ཇག་པ་འཐུས་མི་ཟླ་བ་ཚེ་རིང་། ད་དུང་ལག་དམར་ཚོགས་གཙོ་སྤེན་པ་ཚེ་རིང་བཅས་ཀྱི་གནས་ཚུལ་ཐེངས་མང་ཁ་བརྡ་དང་དུས་བབ་ནང་སྤེལ་ཡང་གཙང་གསུབ་བྱེད་ཤོར་སོང་།
ཁ་བརྡ་ནི་ནམ་རྒྱུན་ཆོས་ལུགས་དབྱེན་སྦྱོར་དང་། ཆོལ་ཁ་ཕྱོགས་ཞེན་བྱེད་ས་ཞིག ད་དུང་བཀའ་ཁྲི་བློ་བཟང་སེང་ལ་རྒོལ་རྡུ་བྱེད་ས་ཞིག་ལས་ཅང་མིན། དེ་ནི་སྤྲུལ་སྐུ་རྫུན་མ་ཁུག་རྟ་དང་སོགས་ཁག་ཅིག་གི་ལག་ལ་ཡོད། དེང་སང་ཅི་ཞིག་ལ་ཞེད་སྣང་དང་། གོ་བ་རག་སོང་ཡིན་ནམ། བང་ཆེན་དྲ་བ་ནས་འདྲེན་བཀོད་བྱས་ཞེས་པ་སོགས་བང་ཆེན་ནས་གསར་འགྱུར་འདྲེན་མང་པོ་བྱས་བྱུང་། འདིའང་ཡག་རྟགས་ཤིག་མིན་པ་བང་ཆེན་ཚང་གིས་ཤེས་དགོས། དེ་སྔོན་ཁོང་ཚོས་བང་ཆེན་ལ་ཁ་གཏོང་ནས་དཀྲོགས་གཏམ་བཟོས་པ་ལས། དྲ་བ་ཚད་ལྡན་དུ་བརྩིས་ནས་འདྲེན་བཀོད་དང་ཨ་ལ་ལ་རེད།
གང་ལྟར་དུས་བབ་དང་ཁ་བརྡ་གཉིས་ནི་དུས་བབ་ནང་གི་ས་བོན་དེ་ཁྱེར་ནས་ཁ་བརྡ་ནང་ནས་དབྱེར་སྦྱོང་དང་དཀྲོགས་གཏམ་བཟོ་སའི་བཟོ་གྲ་སྣ་གཅིག་ལ་སྣ་ཁུངས་གཉིས་ཅན་ཞིག་རེད། གོང་དུ་བཤད་པ་རྣམས་ལ་རྒྱུ་མཚན་མི་འདུག་དྲན་ན། ཐད་ཀར་ཞིབ་འཇུག་གནང་དང་གནང་ཆོག་ཆོག་ཡིན། དེ་མིན་ཁ་སྟོང་པ་དང་། གནས་ལུགས་མེད་པ་ཤོད་ན་གང་བྱེད།
