༄༅།། ངའི་གྲོགས་པོ་བྲག་མགོ་དཀོན་མཆོག་དར་རྒྱས་ལ་ གདུང་སེམས་མཉམ་བསྐྱེད་ཀྱི་སྐྱོ་སྣང་སེམས་ཀྱི་རི་མོ།
༄༅།། ངའི་གྲོགས་པོ་བྲག་མགོ་དཀོན་མཆོག་དར་རྒྱས་ལ་
གདུང་སེམས་མཉམ་བསྐྱེད་ཀྱི་སྐྱོ་སྣང་སེམས་ཀྱི་རི་མོ།
དྲ་ཐོག་གི་ངོ་དེབ་དེ་སྣང་མེད་དུ་གཞན་ཡུལ་ཞིག་ལ་
གཤེགས་པ་ཅི་ཡིན་ནམ། དྲ་གྲོགས་གྲངས་མེད་ཅིག་བསྐྱུར་ཏེ་གང་དུ་
བཞུད་པ་ཁོས་ཀྱང་མ་ཤེས་ཟེར།
བྲག་སྐམ་པའི་རུས་གསང་ལ་ཚོར་འདུ་ལྕི་མོ་ཞིག་གིས་
དཔྱིད་རླུང་ཐོལ་གྱིས་ལྡང་།
ངོ་དེབ་འཆི་ཟིན་པའི་དགོང་མོ་ཞིག་ལ་བྲག་དཀར་པ།
འདི་ལྟར་སྐྱོ་འདི་ལྟར་གདུངས་སོང་ཟེར།
འཇིག་རྟེན་གྱི་གནས་ལུགས་ལ་མི་གཟིགས་པའི།
འཆི་བདག་གི་གཤེད་མ་ལ་འཁང་ར་དང་།
སྐྱོ་སྣང་གིས་ན་བུན་གསེབ་ནས་
སུན་སྣང་གིས་སྤྲོ་སྐྱིད་ཀྱི་བག་བྲོ་དེ་དབྱངས་སུ་བསྡུས།
ཡིད་ཕམ་པའི་དགོང་མོ་ཞིག་ལ་དྲ་གྲོགས་ཚོ་ལ་སུན་སྣང་དང་
སྐྱོ་སྣང་གིས་སེམས་ཚོར་གླེང་།
དྲན་གདུང་གིས་གཟིར་བའི་དུས་ཚོད་གྲངས་མེད་ཞིག།
རྡ་སའི་རི་ངོགས་སུ་སྐྱེས་དགོས་བྱུང་སོང་ཟེར།
ཁེར་རྐྱང་གི་འཚོ་བ་གྲང་མོ་ཞིག་དང་མཉམ་བསྟོད་དང་
མཉམ་གནས་བྱས།
མིག་ཆུ་དང་ཁྲག་རྩ་མཉམ་དུ་བསྟེབས་ཏེ་རྡས་སའི་
རི་གྲོང་ནས་ངོ་གདོང་གི་སྣང་བརྙན་ཡང་ཡང་གླེང་ཤོར་ཟེར།
འདི་ནི་ངོ་གདོང་གི་བཞག་པའི་ལོ་ཟླ་དང་དྲ་ཚིག་ནས་རྙེད་པའི་མནར་གཅོད་ཞིག་མ་ཡིན་ནམ་གསུངས་ཀྱིན་འདུག། ངོ་གདོང་གཤེགས་པའི་ཉིན་མོ་ནས་བཟུང་།
ཁེར་རྐྱང་གི་འཚོ་བ་དམར་ཧྲང་ཧྲང་ཅིག་ལ་རོལ།
ངོ་གདོང་གཤེགས་པའི་ཉིན་མོ་ནས་བཟུང་།
ཁོ་བོའི་སེམས་སུ་ལྷགས་པ་གྲངས་ལྡང་ཟེར།
སིབ་སིབ་ཀྱིས་བྱེ་རླུང་ཞིག་ངའི་མདུན་ངོགས་སུ་ཁད་ཀྱིས་ལྡང་།
ཁོ་བོའི་སེམས་སུ་སྐྱོ་སྣང་གིས་སྨུག་ཞགས་འཚུབ།
ངོ་གདོང་ཟེར་པ་དེ་མི་སེམས་གསོ་བའི་གྲོགས་ཤིག་
ཡིན་པ་གཞི་ནས་གོ་སོང་ཟེར། ངོ་དེབ་ཀྱི་ཁོ་བོའི་སེམས་སུ།
དྲོད་ཁོལ་གྲངས་མེད་ཀྱིས་དབུ་ཁྱུད་འཇོག་མྱོང་ཟེར། ངོ་གདོང་བརླགས་པའི་ཉིན་མོ་ནས་བཟུང་།
དུས་ཚོད་ཀྱིས་ང་ལ་སུ་སྣང་གཏེར།
ཆགས་འཇུག་གི་སྣང་ཤེས་རེ་རེ་འདི་རུ་འོང་སྟེ།
མི་ཡུལ་ལ་སུན་སྣང་དང་མནར་གཅོད་ཀྱིས་ཁྲག་ཡིག་བྲིས།
ངོ་དེབ་དྲན་པའི་ཉིན་མཚན་བརྩེགས་མ་རེ།
རྡ་སའི་ནགས་གསེབ་ཀྱི་ངའི་སེམས་སུ་ཁད་ཀྱིས་འཕུར།
དུང་སྣང་གི་ལོ་ཟླ་རེ་རེ་རྡ་སའི་རི་གྲོང་ནས།
ཁོ་བོའི་མཁའ་དབྱིངས་སུ་འཕུར་བཞིན་འཕུར་བཞིན།
སླར་ཡང་སྙིང་དཀྱིལ་ནས་ལྷོག་ལྷོག་གདུས།
དྲ་གྲོགས་གྲངས་མེད་ཞིག་གིས།
རྩིས་འཕྲུལ་དང་ལག་ཁྱེར་སྔོགས་སྐབས།
འདས་སོང་གི་རྩེད་མཚར་སོགས་སླར་ཡང་དྲན།
ངོ་གདོང་གི་བཞག་པའི་ལོ་ཟླ་ནག་པོ་དང་།
སུན་སྣང་གི་དུས་ཚིག་རེ་རེ་སུ་ཞིག་ལ་གླེང་། ད་དུང་རྫོགས་མ་ཚར་་་་་་་་་་་་་་་་ད་དུང་་་་་་་་་་་་་་་་་་་་་་་ད་དུང་་་་་་་་་་་་རྡ་སའི་རྦབ་ཆུ་དང་ལྕང་གསང་གི་ངོ་ཁ་རེ་ན།
ཁྱེད་དྲན་གྱིན་ཁྱེད་གླེང་གིན་་་་་་ངོ་དེབ་་་་་་་་་་་་་་་་
ཚོན་མདོག་གི་པར་རས་སྟོང་ཕྲག་མང་པོའི་འཆར་སྣང་
མིག་ལ་འཁོར་བཞིན་་་་་་་་་་་་་་་ད་དུང་་་་་་་་་་་་་་་་་་་་་་་ད་དུང་་་་་་་་་་་་་་་་་གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་
འབྲོང་སྲས་སུ་འབོད་བས་ངའི་གྲོགས་པོ་བྲག་དཀར་
དཀོན་མཆོག་དར་རྒྱས་ཀྱི་ངོ་དེབ་བརླགས་སོང་ཟེར་བའི་
གཏམ་ཞིག་ཐོས་སྐབས་སྔ་འགྱུར་ཟིར་གནོན་དགོན་གླིང་གི་འདབས་སུ་སུག་བྲིས་བགྱིས་སོ། ༢༡༠༢ ༤ ༢༥