བྱམས་བརྩེ་བདུད་རྩི་ལས་ཞིམ་པའི་ཨ་མ།

ཨ་མའི་བྱམས་བརྩེ་བདུད་རྩི་ལས་ཞིམ་ཞིང་བུ་རམ་ལས་མངར། རང་བྱུང་གི་འཇིག་རྟེན་མི་འདོད་པས་ང་ཚོ་གྲོད་ཁོག་ནས་པང་ཁུག་པང་ཁུག་ནས་ལྤགས་ཁུག་རྒྱུས་བཞིན་ང་ཅག་སྐྱོངས་མཁན་ཨ་མ་ཁོ་ན་ཡིན་པས་ངས་འཇིག་རྟེན་བྱེད་པོ་ཨ་མ་གཅིག་པུར་མཐོང།

ད་ལྟ་ང་ཚོ་བག་ཕེབས་སོས་དལ་གྱི་ངང་ནས་མཁོ་དགུའི་ལོངས་སྤྱོད་ལ་སྤྱོད་ཆོག་ཆོག་གི་བསྐལ་བ་དེའང་ཨ་མས་གནང་བ་ཞིག་ལོས་ཡིན། འདས་དུས་ཐུང་ཐུང་ལ་ཕྱི་མིག་ལྟ་དུས། འཁྱགས་ལྟོགས་ཀྱི་སྡུག་སྐད་ཅིག་དང་འཇིགས་སྐྲག་གི་རྒྱལ་ཐེངས་ཤིག་བྱེད་མྱོང་མེད་པ་འདི་ཡང་ཨ་མས་ང་ཚོར་སྨོན་པ་ལྷོད་མ་མྱོང་བས་ལན་ཡིན་ངེས། ཆུང་མཐའ་གྲོག་མ་ནས་མཐོ་ཚངས་པས་ཀྱང་སེམས་ཁུངས་ན་ཨ་མའི་དཀའ་དྲིན་དྲན་བཞིན་པའི་གཏམ་བརྒྱུད་ཁ་སང་དེ་རིང་ཙམ་མ་ཡིན་པར་གདོད་མའི་འཇིག་རྟེན་ནས་བཤད་མྱོང། ད་ལྟའི་ཨ་མའི་དབུ་ལ་སྐྲ་དཀར་འཁོར་ཞིང་ངོ་ལ་གཉེར་མ་གྱིས་འཚང་ཡོད་པ་འདི་ཁོང་དར་དུས་ཀྱི་ལང་ཚོ་མེ་ཏོག་འདྲ་བོ་བུ་ཕྲུག་ཚོའི་ཆེད་དུ་ཕུལ་ཞིང། གཞུ་ལྟར་སྒུར་བའི་སྐུ་ལུས་འདི་ཡང་བུ་ཕྲུག་ཚོའི་ཟླ་དགུ་ཞགས་བཅུའི་རྩེ་ར་ཆུང་ཆུང་ཞིག་གི་ཆེད་གཏང་མྱོང་ཡོད། འོན་ཀྱང་དྲིན་མི་ཤེས་པའི་སྤང་ཕྲུག་རེ་ཟུང་གིས་ཨ་མའི་ཤུམ་སྐད་སྙོམ་པོ་ལྷས་འདབས་ནས་བསུ་བའང་ཐེངས་ཤས་ག་ལ་ཡིན་པས་ཨ་མ་ཁོང་འཆི་མའི་ཨ་ཞང་ཚང་གི་བག་མར་འགྲོ་འདོད་སྐྱེས་པའང་ཐེངས་གསུམ་ཙམ་ཟིན་ཡོད།  ཡང་སེམས་ངོ་ན་ཨ་མ་སྒོམ་མཁན་གྱི་སྒོམ་ཆེན་པ་དང།  ལུས་སྟེང་ནས་ཨ་མར་དྲིན་ལན་མཇལ་མཁན་གྱི་ཚོང་པ། ངག་ནས་ཨ་མར་སྙན་དབྱངས་འབུལ་མཁན་གྱི་ཕུལ་བྱུང་གི་གཞས་པ་དང་གཞས་མའང་བགྲང་གིས་མི་ལང་བས་ཨ་མའི་བདེ་སྐྱིད་གངྒཱ་ལས་རིང་ན་བསམ་པའང་བྱུང་མྱོང་ངེས།  དེས་ན་དེ་རིང་བང་ཆེན་ཚང་གི་དྲྭ་བ་ནས་བཀུར་བོས་བུད་མེད་ཤེས་ཡོན་ཅན་ཞིག་གིས་རླབས་ཆེན་གྱི་ཨ་མ་རྒན་མོ་ཚང་ལ་བཀའ་དྲིན་ཞུ་ཡི་སྙན་དབྱངས་དྭངས་མོ་ཞིག་ལྷོད་ཀྱི་གྱེར་སོང་ལ།  དྲྭ་གྲོགས་མི་ཉུང་བ་ཞིག་གིས་ཨ་མར་གཅམ་བྲལ་བསྟོད་ཚོགས་ཀྱི་མགུལ་རྒྱན་བསྐྲུན་བཞིན་ཡོད་མོད་དེ་ནི་འོས་པ་ཞིག་རེད།  གངས་རིའི་ལྗོངས་ཀྱི་ཨ་མ་ཚོ། ཐུགས་སེམས་མ་སྐྱོ་དཱ། ངེད་བུ་ཚ་མང་ཆེ་བ་ཆོས་གླིང་ནས་ཨ་མའི་བཀའ་དྲིན་བསམ་བཞིན་རྒྱུ་འབྲས་ལ་རྩེས་མཐོང་ཆེ་བས་སྐྱོན་མི་ཡོང། བླ་མ་སྟག་ལྗོངས་པས་་་་་་་་་་༢༠༡༢/༤/༢༦ཉིན།