གོམ་བགྲོད་པས་སྐར་ལྔའི་དར་དམར་ཁུར་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཟེར།
དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསར་བསྒྲག་བསྐྱང་ནས། རྡ་ས་ནས་ལྷ་ས་བར་ལ་ད་གོམ་བགྲོད་བྱེད་བཞིན་གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ཀྱི་རྒྱལ་ཁབ་བཞིའི་རྒྱལ་དར་ཁུར་ནས་འགྲོ་བཞིན་ཡོད་པའི་ནང་ནས། དགྲ་བོ་རྒྱ་དམར་གྱི་སྐར་ལྔའི་རྒྱལ་དར་ཁུར་ནས་འགྲོ་བཞིན་པ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་གསུངས་པ་དང། གོམ་བགྲོད་པ་ཚོས་རྡ་ས་ནས་ཐོན་དེ་བདུན་ཕྲག་གཉིས་ཀྱི་མཚམས་ལ་སྐར་ལྔའི་དར་དམར་ཁུར་བ་རེད་འདུག གོམ་བགྲོད་པ་ཚོས་ང་ཚོ་དབུ་མའི་ལམ་ལ་ཤར་བསྐྱོད་བྱེད་མཁན་ཡིན་པས་དར་དམར་དེ་ཁུར་བཞིན་ཡོད་ཚུལ་བཤད་ཀྱི་ཡོད་པ་འདྲ། འདི་ལོ་ལོ་གསར་སྐབས་གཞོན་ནས་རྒྱ་དར་མེ་བསྲེག་ཀྱི་ལས་འགུལ་སྤེལ་བ་རེད། ཕྱི་ཟླ་བཞི་པར་དབུ་མའི་ལམ་མི་དམངས་ལས་འགུལ་ཁང་གི་ཚོགས་ཆེན་ཐོག བཀའ་བློན་ཁྲི་ཟུར་ཟབ་གདོང་རིན་ཆེའི་བཀའ་སློབ་ནང་ང་མི་སྒེར་གྱི་ལྟ་སྟངས་ལ་སྐར་ལྔའི་དར་དམར་ཁུར་བར་ངོ་རྒོལ་མེད་ཚུལ་བཀའ་གནང་བ་རེད།
