སྐྱབས་རྗེ་འབྲུག་ཆེན་རིན་པོ་ཆེས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལ་བསྔགས་བརྗོད་མཛད་འདུག
སྐྱབས་རྗེ་འབྲུག་ཆེན་རིན་པོ་ཆེས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ལ་བསྔགས་བརྗོད་མཛད་པ།།
གོང་ན་སྐུ་པར་ཞིག་བཞག་ཡོད་པ་དེ་ནི་ང་རང་དངོས་སུ་མཇལ་མྱོང་མེད་ཀྱང་།
དེ་རིང་ཕ་ཡབ་དང་ང་གཉིས་ཀྱིས་ཁོང་གི་སྐོར་ལ་སྐད་ཆ་མང་པོ་ཞིག་གླེང་བ་ཡིན།
གལ་ཏེ་ཁྱེད་ཚོའི་ངའི་ཆ་འཕྲིན་འདིའི་རྗེས་སུ་འབྲང་འདོད་ཡོད་ན། ངས་ནམ་རྒྱུན་ཁྱེད་རྣམས་པ་ལ་ང་ཚོར་ངེས་པར་ཏུ་མིག་དཔེ་ལྟ་ས་ཡག་པོ་ཞིག་གི་རྗེས་སུ་འབྲང་དགོས་རེད་ཟེར་བཞིན་ཡོད། དེ་ནས་ང་ཚོ་གཞན་གྱི་དགེ་བའི་གྲོགས་པོ་རླབས་ཆེན་ཞིག་ཏུ་འགྱུར་ཐུབ་གྱི་རེད།
ཁོང་ནི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་རེད། བླ་མ་དྲང་པོ་དང་ཉམས་ལེན་པ་མཁས་པ་ཆེན་པོ་སྟོན་པའི་རྗེས་འཇུག་ཡང་དག་པ་ཞིག་རེད། ངས་ཁོང་གི་སློབ་མ་ཡོངས་ལ་ཁོང་ལྟ་བུའི་བླ་མ་དམ་པ་ཞིག་དང་འཕྲད་པར་དགའ་སྤྲོའི་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན།
ཁོང་ནི་མཁན་ཆེན་དམ་པ་འཇིགས་མེད་ཕུན་ཚོགས་མཆོག་གི་ཐུགས་སློབ་རྩ་ཆེ་ཤོས་དཀྱིལ་ཀ་ལྟ་བུ་དེ་རེད། ངས་དངོས་གནས་ཁོང་ལ་བསྟོད་བསྔགས་ཕུལ་འདོད་བྱུང་།
ཁོང་ནི་དགུང་ལོ་གཞོན་ཅིང་ཐུགས་བཞེད་མཐའ་དག་གཞན་དོན་ཁོ་ན་མཛད་བཞིན་པ་དང་། དེ་མིན་གཞན་དགེ་བཅུའི་ཁྲིམས་སོགས་ཀྱིས་སེམས་ཅན་གྱི་སྲོག་སྐྱོབ་ཅིང་གྲྭ་བཙུན་རྣམས་ལ་ཡང་དགེ་བསྐུལ་དང་གཞན་ཕན་སྒྲུབ་པའི་ཀུན་སློང་ཡང་དག་པ་གནང་བཞིན་མཆིས། ང་རང་དངོས་གནས་ཁོང་ལ་རྗེས་སུ་ཡི་རང་དང་བསྔགས་པ་བརྗོད་ཅིང་ཁོང་སྐུ་ཚེ་ཡུན་ཏུ་བརྟན་ཅིང་མཛད་འཕྲིན་ཕྱོགས་མཐར་རྒྱས་པའི་སྨོན་ལམ་དང་གསོལ་བ་འདེབས་སོ།
དེ་རིང་ངས་ཁྱེད་རྣམས་ལ་ཁོང་ངོ་སྤྲོད་ཞིག་བྱེད་ཐུབ་པ་འདིས་ཧ་ཅང་དགའ་པོ་བྱུང་སོང་། ཁོང་གཞན་ཕན་ལྷུར་ལེན་མཛད་པའི་སྐྱེས་ཆེན་དམ་པ་ཞིག་རེད། དམིགས་བསལ་ང་རང་གིས་སྙིང་ཐག་པ་ནས་ཁོང་དང་དངོས་སུ་ཉི་མ་གཅིག་མཇལ་ཡ་དང་འབྲེལ་བ་དམ་ཟབ་ཡོང་བའི་རེ་འདུན་ཆེན་པོ་ཡོད།
མཁན་ཆེན་ལགས་ཐུགས་རྗེ་ཆེ། ཁྱེད་ནི་གཟི་བརྗིད་ལྡན་པའི་སྐྱེས་ཆེན་ཞིག །།
སྤྲུལ་སྐུ་དབང་ཆེན་གྱི་་་ངོ་དེབ་ལས་དྲངས།