བརྩེ་བའི་སྤུན་ཟླ་རྣམ་པ་ལགས། ང་ནི་བང་ཆེན་ཚང་གི་མགྲོན་གསར་ཡིན།
གུས་ཤིང་བརྩེ་བའི་ཟིན་གྲོགས་རྣམ་པར་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ངས་འདིར་ཟིན་ཁྱིམ་ཞིག་གཉེར་དོན་མི་རིགས་ཀྱི་བདེ་སྡུག་དང་། སྤུན་ཟླའི་ལས་དབང་། ད་དུང་གཞིས་བྱེས་གཉིས་ནས་ལས་དོན་བྱེད་ཕྱོགས་ཀྱི་བྱེད་སྒོ་ཁ་མ་ཚང་བ་སོགས་ལ་ལྷག་བསམ་དང་དྲང་བདེན་གཞི་ལ་བཞག་ནས་གླེང་ན་འདོད།
དེ་མིན་ཆོལ་ཁའི་འཐེན་ཁྱེར་དང་ཆོས་ལུགས་ཀྱི་རིས་གཅོད་སོགས་ཟིན་ཁྱིམ་འདིར་དགོས་དོན་མ་མཐོང་ལ་བྱེད་སེམས་ཀྱང་མེད། ཟིན་གནས་འདིར་འཁོད་ཀྱི་ཟིན་གྲོགས་སུ་ཡིན་ཡང་སྤུན་ཟླའི་འདུ་ཤེས་མ་བཅོས་པའི་ཚུལ་དུ་ཡོད་པས་སྤུན་ཟླའི་བར་དུ་སྙིང་གཏམ་རེ་གླེང་འདོད་ཀྱང་ཅི་ནས་ཆེ། མ་ཟད་སོ་སོར་བློ་བསྐྱེད་རེ་རག་ཐབས་དང་བོད་ཀྱི་སྐད་ཡིག་རིག་གནས་ལ་དུང་ཞེན་ཟབ་པ་སོགས་ཀྱི་འདིར་ཡོང་བས། བརྩེ་བའི་སྤུན་ཟླ་ཡོངས་ནས་དེ་ལུགས་ཀྱི་རོགས་སྐྱོབས་གནང་བ་མཁྱེན།