ཨ་རིའི་རླུང་འཕྲིན་བོད་སྐད་བརྙན་འཕྲིན་ནང་ཁམས་སྐད་མི་འཇོག་དོན་ཅི་རེད།
ཨ་རིའི་རླུང་འཕྲིན་བོད་སྐད་བརྙན་འཕྲིན་ནང་ཁམས་སྐད་མི་འཇོག་དོན་ཅི་རེད།
བོད་ལ་སྐད་གསུམ་ཡོད་པ་འདྲ་བ་དང་།མི་འབོར་ཆ་ནས་ཁམས་པས་བརྒྱ་ཆ་༦༥ཟིན་གྱི་ཡོད་ན་འང་།ཨ་རིའི་རླུང་འཕྲིན་ཀུན་གླེང་སོགས་ནང་ཁམས་སྐད་བཤད་མཁན་གཅིག་ཀྱང་བཞག་མི་འདུག པདྨ་རྡོ་རྗེ་དང་པ་སངས་གཡང་སྐྱིད་སོགས་ར་སྐད་ལུག་སྐད་རྒྱག་མཁན་དེ་ཚོས་བརྙན་འཕྲིན་ནང་རྒྱང་སྒྲོག་པ་འཐུས་ན་ནམ་རྒྱུན་རླུང་འཕྲིན་ནང་གསར་འགྱུར་སྒྲོག་མཁན་ཁམས་སྐད་ཅན་དེས་བརྙན་འཕྲིན་རྒྱང་སྒྲོག་པ་མི་འཇོན་པ་གཏན་ནས་མ་མཐོང་། དེང་སང་ལས་འགུལ་རྣམས་གྲངས་དབང་དུ་བྱས་ན་ཁམས་ཕྱོགས་ནས་མང་ཤོས་རེད། ད་དུང་མི་འབོར་སོགས་གང་ལས་གཞིགས་ཀྱང་ཁམས་སྐད་བརྙན་འཕྲིན་རྒྱང་སྒྲོག་པ་ཞིག་ངེས་པར་དུ་མཁོའོ།
བོད་ནས་ཀྱང་དེའི་སྐོར་དོགས་དྲི་དང་།ཁོང་ཚོས་དབུས་དང་ཨམ་སྐད་གོ་ཡི་མི་འདུག་ཁམས་སྐད་འཇོག་རོགས་བྱས་ན་ཡག་པོ་ཡོད་ས་རེད་གསུང་མཁན་ཡང་འདུག
དེས་ན་ཞེན་ཁོག་དང་ཆགས་སྡང་ཕྱོིགས་སུ་མ་ལྷུང་པར་དྲང་གཞག་གི་ཐོག་ནས་བརྙན་འཕྲིན་རྒྱང་སྒྲོག་པའི་ལས་མི་ནང་བཅོས་བསྒྱུར་ཐེངས་ཤིག་གནང་རོགས།