ཨ་ཕ།

བྱམས་བརྩེ་གུར་ཁྱིམ་ཕིབ་པའི་རང་ཁྱིམ་གྱི་ཀློང་ན།།

ཕན་བདེ་བདུད་རྩིའི་དངོས་གྲུབ་ཟིམ་ཟིམ་དུ་འཇོ་བའི།།

ལྷག་བསམ་ཁ་བ་འདྲ་བའི་ཕ་རྒན་གྱི་སེམས་པ།།

བསམ་བཞིན་བསམ་བཞིན་མིག་ཆུའི་ཕྲེང་ཐག་དེ་ཆད་སོང་།།

བརྩེ་མདངས་མཚོ་རླབས་རྒྱས་པའི་ཕ་ཁྱིམ་གྱི་དབུས་ན།།

རྟག་གཏན་རི་རྒྱལ་ལྷུན་པའི་ངང་ཚུལ་དེ་འཛིན་པའི།།

ཕ་ཁྱིམ་དྲོད་མོའི་འཁན་འཁྲི་ལྕི་མོ་དེ་ཁྱེར་བའི།།

ཨ་ཕ་བསམ་ཚེ་རང་སེམས་གས་ཆག་ཏུ་ཕྱིན་སོང་།།