སྟག་རྒོད་ཀྱི་ཟིན་རྩོམ་ཡོངས་བརླགས་སོང་།
སྟག་རྒོད་སྐྱེས་ནས་ལོ་གཉིས་ཡིན། །
ད་ལོ་འདི་དང་ལོ་གསུམ་ཡིན། །
ཕ་ངོ་ཤེས་པའི་བུ་ཞིག་ཡིན། །
དགྲ་ཤ་གཟན་རིག་ན་ངར་མི་ཡིན། །
ད་ལོ་བཟང་རྒྱུ་དེ་ཙམ་མེད། །
དགྲ་རི་ལ་ཤོར་བའི་དུས་ཚིགས་རེད། །
སྤུན་མེ་ལ་འཚིག་པའི་ཉི་ནག་རེད། །
གཟེར་རྒོད་ཀྱིས་ཁོག་པ་ཁེངས་དུས་རེད། །
མདོང་དགོང་ཉལ་བའི་རྨི་ལམ་དུ། །
ཤར་གྱི་རི་ནས་ཉི་མ་ཤར། །
ཉི་ཟེར་གངས་ཅན་བོད་ལ་འཕྲོས། །
སེམས་ཀྱི་ལང་ཚོ་དེ་ནས་རྒྱས། །
དེ་རིང་ཡོང་པའི་ཉིན་མོ་ལ། །
བུ་སྟག་རྒོད་ཕ་གཞིས་སྟོང་པ་རེད། །
སྤུན་ཕུ་ནུའི་གདན་ས་ནག་ཁུངས་རེད། །
ཚུལ་འདི་ཚོ་རིག་ན་སྙིང་རླུང་ལངས། །
ད་མ་འདུག་བང་ཆེན་བུ་རྒོད་ཚོ། །
དགྲ་བོ་གང་འདུག་སོ་ཉུལ་གྱིས། །
གྲ་སྒྲིག་གི་རུ་དཔུང་ཤར་ཤར་གྱིས། །
བློ་རྩལ་གྱི་གློག་མ་ཇེ་འཁྱུག་གྱིས། །
ང་དང་ང་ངོ་མ་ཤེས་ན། །
སྟག་རྒོད་བུ་རྒོད་ཁེར་སྐྱེས་ཡིན། །
གོ་ན་རྣ་བའི་བུ་རམ་གྱིས། །
མ་གོ་གླུ་ལ་འགྲེལ་བཤད་མེད། །