དུས་རབས་གསར་པའི་གྲོང་ཁྱེར།

ལང་ལོང་སྨུག་པའི་དུ་ཞགས་ནམ་མཁར་འཁྲིགས།།
རྣམ་བཀྲ་ཉི་མ་དམར་པོ་སྒྲིབ་པ་བྱེད།།
འུར་འུར་རྣ་བར་སོན་པའི་སྒྲ་དག་གིས།།
སེམས་ཉིད་ཞི་བར་སྡོད་པའི་གོ་སྐབས་བྲལ།།