དགའ་སྐྱོ་དང་དྲན་གདུང་།
དེ་རིང་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ང་ནི་ཞོགས་པ་སྔ་པོ་ནས་ལང་ཏེ་ས་རཱ་ནས་དྷ་སར་ཡོང་མི་རིགས་སྣ་འཛོམས་ཀྱི་ཀླུབ་པའི་དྷ་སའི་རི་འབུར་དེ་ནི་སྔར་ལས་ཀྱང་གཟི་མདངས་ཆེ་བ་ཞིག་སྔོན་། ང་རང་དལ་གྱིས་ཁོམ་ཁ་གཙུག་ལག་ཁང་དུ་བསྐྱོད་བཞིན་པའི་སྐབས་ས་རཱ་གཞོན་ནུ་རུ་ཁག་གི་ཚོགས་གཙོས་བཀའ་འགུག་གིས་མཚན་ཉིད་སུམ་མདོའི་གཞུང་ལམ་བར་རྒྱངས་གྲགས་ཐོགས་ཞལ་འདེབས་བསྡུ་སློང་གིས་གསལ་བརྡ་བཏང་དགོས་པའི་ལས་འཁྲལ་ཞིག་
གློ་བུར་དུ་བབ་སོང་བས་དེ་རིང་ང་གཙུག་ལག་ཁང་གི་ཐང་གཞུང་ནས་འཁྲུང་སྐར་གྱི་མཛད་སྒོ་དངོས་སུ་མ་མཐོང་ཀྱང་ལྷད་མེད་སེམས་ཀྱི་སྲུང་བརྩེ་སྲང་ལམ་བར་བྱས། དངོས་གནས་དགའ་དགོས་པ་ཞིག་ལ་འཛམ་གླེང་ཀུན་གྱིས་གུས་བཀུར་དང་་ཡིད་གཏད་མཆོག་པའི་རླབས་ཆེན་གྱིས་དབུ་འཁྲིད་དེ་ནི་ང་མཚོ་བོད་པ་ཚང་གི་མགོན་པོ་སྤྱི་ནོར་༧གོང་ས་སྐྱབས་མགོན་བསྟན་འཛིན་རྒྱ་མཚོའི་མཆོག་འཁྲུངས་སྐར་གྱི་ཉིན་མོ་ཡིན་བསམ་ནས་སེམས་ནང་དགའ་བ་རབ་ཏུ་བསྐྱེད། སྐྱོ་དགོས་པ་ཞིག་ལ་རང་ས་མཐིལ་ཆུང་ཙམ་མེད་པ་རང་ཡུལ་དགྲ་ལག་ཏུ་ཤོར་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་ཚེ་སྲོག་མེ་རུ་ཕྱུར་བཞིན་པའི་སྣང་སྙན་དེ་ཡིད་ལ་དྲན་དུས་ངས་དེ་རིང་གི་ཉིན་མོར་སེམས་ཚོར་མི་འདྲ་བའི་ན་ཟུག་དང་འཛུམ་མདངས་ལས་ཕྱུར་བའི་མཆི་མ་ཞིག་ངམ་ངམ་ཞུག་ཞུག་གིས་མིག་མཐའ་ནས་མཁུར་མཚོ་དང་མཁུར་མཚོ་ནས་བྲང་ཁར་དལ་གྱིས་ཕྱུར་བའི་དཀའ་སྐྱོ་དང་རང་ཡུལ་དྲན་པའི་དམར་པོ་རིའི་ཕོ་བྲང་མིག་ལམ་དུ་ཤར།