ཕེབས་སྐྱེལ།

གཞོན་ནུའི་ལང་ཚོ་ཕལ་ཆེར་ཟད་འགྱུར་ནས།།
ད་ནི་སྐྲ་ལོ་དེ་ཡང་དཀར་པོར་གྱུར།།
གྲུ་ཁ་དེ་རུ་ཞལ་གྱེས་ཞུས་གྱུར་ཏེ།།
ཀེ་རེར་གནས་བཞིན་གྲུ་ལ་བལྟ་བཞིན་ལྷགས།།

ནུབ་ཁའི་ཉི་གཞོན་མཚོ་མོར་འཕྲོས་པ་ཡིས།།
ལེམ་ལེམ་འོད་ཀྱི་རི་ལུང་ལྷག་པར་མཛེས།།
འོན་ཀྱང་གང་ཉིད་བྲལ་བའི་ཡུལ་གྲུ་འདིར།།
གཅིག་པུར་ལུས་པའི་སྐྱོ་སྣང་སངས་ཐབས་བྲལ།།

དཔྱིད་ཀ་སླེབས་བཞིན་སྔ་ལོ་དེ་བཞིན་འདས།།
སེམས་ཡིད་སྐྱོ་བའི་མཆི་ཞགས་ས་ལ་ལྷུང་།།
མཐའ་ཡས་དགུང་སྔོན་དབྱིངས་ཀྱི་འདབ་ཆགས་འདིར།།

བལྟ་བཞིན་བལྟ་བཞིན་སྙན་ཚིག་སྐྱོ་གླུ་བྲིས།།