རྒྱུ་མཚན།

མི་རིགས་སོ་སོའི་སྐད་ཡིག་འདི་ག་ཚོད་རྩ་ཆེན་པོར་རྩིས་དགོས་པའི་རྒྱུ་མཚན་མ་རྟོགས་པའི་གཞོན་སྐྱེས་ཁ་ཤས་ཀྱིས་བོད་མིའི་ནང་ཕན་ཚུན་བར་བོད་སྐད་བེད་སྤྱོད་མ་གཏོང་པ་ གོམས་སྲོལ་ངན་པ་ཞིག་ལ་བོད་ནང་འཚར་ལོངས་བྱུང་བ་ཞིག་ཡིན་དུས་མང་ཆེ་བས་ཕན་ཚུན་བར་ལ་རྒྱ་སྐད་བེད་སྤྱོད་གཏོང་པ་དང་།

རྒྱ་གར་ནང་འཚར་ལོངས་བྱུང་བ་ཞིག་ཡིན་ན་རང་གི་ནང་ཁུལ་ལ་རྒྱ་གར་སྐད་དང་དབྱིན་སྐད་སོགས་གཞན་སྐད་གང་མང་མང་བེད་སྤྱོད་གཏོང་མཁན་ལ་གཟི་བརྗིད་དང་ཤེས་ཡོན་པར་བསམ་གྱིས་མི་ཁྱབ་པར་འཛིན་པ་དང་།སྤྱིའི་ཆ་ནས་སྐད་རིགས་སོགས་གང་མང་ཤེས་དགོས་རྒྱུ་ནི་གལ་གནད་ཤིན་ཏུ་ཆེན་མོད།མི་རིགས་ཤིང་ཡིན་ན་དེའི་སྐད་དང་གོམས་སྲོལ་ཡག་པོ་མ་ཤེས་ན་མི་རིགས་དེའི་རིགས་སུ་གཏོགས་ པར་བརྗོད་ཐབས་བྲལ་དང་བྲལ།མི་རིགས་དེའི་ངོ་བོ་ཇི་ལྟར་མཚོན།མི་རིགས་དེའི་ལ་རྒྱའང་ཇི་ལྟར་གླིང་།མི་རིགས་གཞན་དང་དེའི་སྐད་སོགས་ལ་མཐོང་ཆེན་དང་། རང་གི་མི་རིགས་ དང་རང་གི་སྐད་རིགས་ལ་མཐོང་ཆུང་གནང་དགོས་དོན་མེད་ཅི།ང་ཚོར་དཀའ་ངལ་ནི་ཤེས་ཡོན་གྱི་ཆ་རྐྱེན་སོགས་གཞན་དང་བསྡུར་ཐབས་བྲལ་པ་ཞིག་ཡིན་པ་དང་།   མ་འོངས་པར་ གནད་དོན་དེའི་ཐོག་ལ་བསམ་བློ་འཁོར་མཁན་ཉུང་ཉུང་རེད་དྲན་སོང་།ང་ཚོས་ངེས་པར་དུ་བསམ་བློའི་ནང་ལ་དོ་སྣང་དང་གྲ་སྒྲོག་གནང་དགོས་པ་གལ་ཆེ་ཤོག་ནི་དེང་དུས་ཀྱི་སློབ་ སྦྱོང་དང་ཆབས་ཅིག་བོད་རང་ལ་ཕ་མེས་ནས་ཡོད་པའི་བཟང་པོའི་ལྟ་བ་དང་སྤྱོད་པ། ལྷག་ བསམ་དང་།ཆོས་དང་རིག་གཞུང་སོགས་བདག་པོས་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད་ དྲན་སོང་། བཀྲ་ཤིས་བདེ་ལེགས།