ངོ་ལོག་སྣེ་འཁྲིད།

 

ནང་ཆོས་ལ་ངོ་ལོག་སྣེ་འཁྲིད་པ་བོད་ཀྱི་བང་ཆེན་ཚང་།

ཟིན་བྲིས་འདིའི་སྔ་ཕྱིར་ལྟོས། ཟིན་བྲིས་འདི་ཡང་གཏོར་བཅོམ་བྱེད་སྲིད།

བློ་བཟང་ཕུན་ཚོགས།

དྲྭ་གྲོགས་ཚོས་གཟིགས་རོགས་ལགས། བོད་ཀྱི་བང་ཆེན་ཟིན་བྲིས་ནང་ལྷ་ཐོག་བཀྲ་ཤིས་འགྱུར་མེད་ཀྱི་མིང་ཐོག་ནས་སྤེལ་བའི་རྩོམ་ཡིག་དེ་ནང་ཆོས་དང་བླ་གྲྭ་པར་ངོ་ལོག་བྱས་ཞིག་རེད་འདུག་ལ། རྩོམ་ཡིག་དེ་བོད་ཀྱི་བང་ཆེན་གྱིས་ཆེས་མཐོང་ཆེན་པོའི་ཐོག་ནས་ཟིན་བྲིས་ནས་བླངས་ཏེ་གལ་ཆེའི་གསལ་བསྒྲགས་སྡེ་ཚན་དུ་བསྐྱར་འགོད་བྱས་འདུག འདི་ལ་བརྟེན་ནས་ང་ཚོས་ཁོང་ཚོའི་དམིགས་ཡུལ་མང་པོ་ཞིག་ལས་སླ་པོའི་ངང་རྟོགས་ཐུབ། ལྷག་པར་དུ་བཙུན་པ་བཙུན་མའི་དགོན་སྡེ་ཁག་དང་ནང་ཆོས་ལ་དད་པ་ཡོད་མཁན་ཚང་མས་ཐུགས་སྣང་ཆེན་པོ་གནང་རོགས་ཞུ། འདི་གུས་པའི་སྙིང་ནས་བརྡོལ་བའི་སེམས་འཚབ་དང་རེ་བསྐུལ་ཡིན། བོད་ཀྱི་བང་ཆེན་ལ་ངན་འཁོན་འཆང་བ་ཞིག་རྩ་བ་ནས་མིན་པ་ནི་ཚང་མས་ཟུར་བལྟས་ལེབ་མཐོང་རེད། གཅིག་བྱས་ན་བང་ཆེན་གྱིས་ཟིན་བྲིས་འདི་སེམས་ཀྱིས་མི་བཟོད་པར་བཀག་འགོག་བྱེད་སྲིད་ཀྱང་ཁྱད་པར་མེད། སྐད་ཆ་བཤད་སའི་སྡིངས་ཆ་མང་པོ་ཡོད་པ་རེད། 

 ལྷ་ཐོག་བཀྲ་ཤིས།

བློ་བཟང་ཕུན་ཚོགས་ལགས་ཕེབས་བསུ་ཞུ།
གནས་ཚུལ་གང་ཡིན་ཡང་རང་ཉིས་ཀྱིས་དབང་པོ་སྒོ་ལྔའི་སྤྱོད་ཡུལ་དུ་མ་གྱུར་ཞིང་།རང་ཉིས་ཀྱིས་མཐོང་ཐོས་དོག་གསུམ་གྱི་ནང་དུ་མ་ཚུད་པའི་ཤེས་བྱ་གྲངས་མང་ཞིག་འཇིག་རྟེན་ལ་མེད་པར་ཁས་ལེན་པ་མ་ནི་རྣམ་དཔྱོད་ལྡན་པའི་ལུགས་མ་ཡིན།
ཁྱེད་ཀྱིས་མ་མཐོང་ཤེས་བྱ་མང་།།
བོང་བུ་མ་ཕྱིན་ལམ་ཁ་མང་།།
ཟེར་བའི་ཚིག་དུམ་དེ་ས་པཎ་ལ་དཀའ་ངལ་འདི་འདྲ་ཞིག་འཕྲད་ནས་གསུངས་བ་ལོས་ཡིན།
རྒྱལ་བ་ཤཀྱ་ཐུབ་པའི་བསྟན་པ་འདི་དེང་སང་མི་རྒྱུ་གཏམ་གསུམ་གྱིས་ཐུར་ནས་ཐུར་དུ་ཁྲིད་བ་དངོས་སུ་མཐོང་ནས་བཤད་པ་ཡིན།
ངས་གནས་ཚུལ་དེ་ཚོ་མིང་འདོན་དང་ཁ་གསལ་རུ་བཏང་ནས་ཟླ་གྲངས་ཚེས་དང་བཅས་པ་བཤད་རྒྱུ་ཡོད་ཀྱང་དགོས་པའི་དབང་གིས་དེ་ཙམ་བྱས་ནས་བཞག་པ་ཡིན།
ཁྱོད་ཀྱི་བསམ་བློའི་གོ་རྟོགས་ལ་དཔག་ན་ངས་གནས་ཚུལ་ངོ་མ་དེ་ཚོ་བཤད་ཡོང་ན་ཁྱེད་རང་མགོ་གས་ནས་འཆི་བའི་ཉེན་ཁ་རབ་ཏུ་ཆེ།
ཆོས་ལ་ངོ་ལོག་པ་དང་ཆོས་ལ་དག་ཐེར་བྱ་བ་གཉིས་ཀྱི་ས་མཚམས་དབྱེ་འབྱེད་ཤེས་དགོས་བ་མ་ཟད་སྐུར་འདེབས་དང་སྒྲོ་བཏགས་ཟེར་བའི་ཚིག་དེ་ཚོའི་ནང་དོན་ལ་སློབ་སྦྱོང་བྱ་བའི་རེ་བ་ཡོད།

བཟོད་པ་ལྷ་རྩེ།

གྲྭ་གྲོགས་བློ་བཟང་ཕུན་ཚོགས་ལགས་ཀྱི་གསུངས་པ་ཇི་བཞིན་ཆོས་ལུགས་ངོ་ལོག་རྒྱབ་པའི་རྒྱུ་མཚན་གྱིས་གལ་ཆེའི་གསར་སྒྲགས་ནང་ཐོན་པ་ཞིག་མ་ཡིན་པར་དེ་ནི་བང་ཆེན་རྩོམ་བསྒྲིག་པ་གསེར་རྟ་ཚུལ་ཁྲིམས་ལགས་ཀྱི་སྙིང་ཉེ་ཞིག་ཡིན་པ་ཐེ་ཚོམ་མེད། གང་ལ་ཟེར་ན་གསེར་རྟ་མཆོག་ནས་ལྷ་ཐོག་བཀྲིས་ལགས་བང་ཆེན་ནང་ཕེབས་པ་དང་མཆན་ནང་ཁོང་ལ་ཆེད་བསྟོད་གནང་སོང་ང་དེ་དག་ལ་བསམ་གཞི་གནང་དང་ཤེས་ངེས།

བློ་བཟང་ཕུན་ཚོགས།

ཝེ་་ལྷ་ཐོག་མིང་ཅན། ཉོནhttp://www.tibetexpress.net/components/com_idoblog/assets/images/smiley/wink_smile.gif ཁྱོད་ཀྱིསhttp://www.tibetexpress.net/components/com_idoblog/assets/images/smiley/angry_smile.gif རྒྱལ་བ་ཤཀྱ་ཐུབ་པའི་བསྟན་པ་འདི་དེང་སང་མི་རྒྱུ་གཏམ་གསུམ་གྱིས་ཐུར་ནས་ཐུར་དུ་ཁྲིད་བ་དངོས་སུ་མཐོང་ནས་བཤད་པ་ཡིན། ཞེས་རྒྱལ་བའི་བསྟན་པ་ལ་མཐོང་ཆུང་བྱེད་བཞིན་དུ་ད་རུང་རྒྱལ་བའི་བསྟན་པ་ལ་གཅེས་སེམས་ཡོད་མདོག་བྱས་པ་དེ། མི་གང་གི་ཡང་རྣ་བར་མི་འགྲོ་ངོ་མ་རེད། རྒྱལ་བའི་བསྟན་པ་ཟེར་བ་དེ་སྙིགས་དུས་མི་ངན་རེ་ཟུང་གིས་ཐུར་ནས་ཐུར་དུ་འཁྲིད་ཐུབ་པའི་ལས་སླ་པོ་ཞིག་མ་རེད། སྐད་ཆ་དེས་དོན་གྱིས་རྒྱལ་བའི་བསྟན་པ་སྨད་ར་བཏང་འདུག འགྲིག་གི་རེད། ཁྱོད་ཀྱིས་སྐད་ཆ་འདི་འདྲ་རེ་བཤད་ནས་འཚོ་བ་འཁྱོལ་འགྲོ་ཡི་རེད། གསེར་རྟ་ཚུལ་ཁྲིམས་ཀྱིས་དངུལ་སྤྲོད་ངེས་ཡིན་པར་བཟོད་པ་ལགས་ཀྱིས་གསུངས་པ་ལྟར་རེད། ད་དུང་ཤོད་དང་

ནུབ་ཕྱོགས་པ།

དེང་སང་མི་མང་པོ་ཞིག་གིས་ཁུངས་ལུང་མེད་པའི་སྐད་ཆ་མང་པོ་ཞིག་བཤད་ཀྱི་ཡོད་རེད། རྩ་བས་སྐད་ཆ་དེ་ཚོ་བདག་པོ་རྒྱག་དགོས་དོན་ཡོད་མ་རེད། ཡིན་ན་ཡང་ཤེས་ཡོན་པ་ཞིག་ཡིན་ཚེ་ཐོག་མར་གནས་སྟངས་ཚང་མ་ཤེས་ནས་སྐད་ཆ་བཤད་དགོས་པ་གལ་ཆེན་པོ་རེད། མ་གཞི་ནས་ལས་ཀ་ག་རེ་ཡིན་ན་ཡང་དཔྱད་ཞིབ་གང་ཡང་མེད་པར་ཚོད་ཚོད་ཀྱིས་ལས་ཀར་ཞུགས་མཁན་དེའི་རིགས་ཀྱིས་དོན་ངོ་མར་ཁུངས་ཁྱོལ་གྱི་མ་རེད།

བློ་བཟང་ཕུན་ཚོགས།

གསལ་པོ་ཧ་གོ་ཡི་ཡོད། གསེར་རྟ་ཚུལ་ཁྲིམས་ཟེར་ངེས་འདི་གྲྭ་ལོག་རེད། ཆོས་ལ་སེམས་གཏིང་ནས་ཞེན་པ་ལོག་ཚར་བ་རེད། ནང་ཆོས་དང་ལྷག་པར་བོད་ཀྱི་གྲྭ་པ་བླ་མར་ཁ་གཏོང་མཁན་ཞིག་བྱུང་ན། ཁོ་པས་དོ་སྣང་ཆེན་པོ་དང་མཐོང་ཆེན་བྱེད་ཀྱི་རེད། གནས་སྟངས་ཤེས་ནས་སྐད་ཆ་བཤད་ཀྱི་ཡོད་ལགས། ཁོ་པར་ཁ་ནས་ཆོས་ལུགས་སྤྱི་འཐུས་གལ་ཆེན་པོ་ཡིན་སྐོར་བཤད་པ་ནི། གདན་སའི་ཁང་ཚན་ཁ་ཤས་དང་ཆུ་བཞི་སྒང་དྲུག་གི་ལངས་ཕྱོགས་ནས་སྤྱི་འཐུས་ཀྱི་འོས་ཀྱི་རྒྱབ་སྐྱོར་རག་ཐབས་རང་རེད། རྗེས་ནས་མདོ་སྟོད་དང་ཆོས་ལུགས་ལ་ཁ་བཏང་ནས་མདོ་སྨད་ཀྱི་མིང་ཐོག་ནས་བསྐྱར་དུ་སྤྱི་འཐུས་ལ་འགྲོ་ཐབས་བྱེད་ཀྱི་ཡོད། དེ་རིང་ཆོས་ལུགས་དང་བླ་གྲྭ་ལ་ཁ་གཏོང་བའི་རྩོམ་ཡིག་དེ་ཁོ་པས་ཐད་ཀའི་བཀོད་ཁྱབ་ཐོག བང་ཆེན་ཟིན་བྲིས་ནས་གལ་ཆེའི་གསལ་བསྒྲགས་འཇོག་བཅུག་འདུག དེ་ནི་ཁོ་རང་ལས་ཁུངས་ཀྱི་ལས་བྱེད་ཅིག་གི་དྲྭ་འབྲེལ་ནང་གསལ་པོ་འདུག གནས་ལུགས་དང་རྒྱབ་མདུན་ཚང་མ་ཤེས་ཀྱི་ཡོད། སྐར་མ་བཅུ་གྲངས་ཤིག་གི་གོང་དུ་གྲོགས་པོ་ཞིག་གིས། གསེར་རྟ་ ཚུལ་ཁྲིམས་ཀྱི་དྲྭ་རྒྱ་འདི་ནི་ཁོ་རང་གི་རང་མགོ་བཅག་བྱེད་རང་གཡུག་རེད་ཟེར། འདྲ་པོ་འདུག ད་རུང་བཤད་རྒྱུ་མང་པོ་ཡོད་ཀྱང་