ཁྱོད་ལ་ལྟོ་རག་པ་དེ་སུས་དྲིན་རེད།

དྲྭ་གྲོགས་ལགས་ཁྱེད་ལ་ལྟོ་རག་པ་དེ་སུས་དྲིན་རེད།

དེ་རིང་ངའི་གྲོགས་པོ་ཞིག་གིས་ང་ཚོ་ལ་ལྟོ་རག་པ་འདི་བོད་པའི་བླ་མ་ཚོ་དང་།ལྷ་ཆོས་སྐྱོངས་ནང་བསྟན་ཆོས་ཀྱི་བཀའ་དྲིན་རེད་ཟེར།ངས་ཁོང་ལ་བོད་པའི་བླ་མ་ཚོ་མ་འཁྲུངས་ས།ནང་བསྟན་ཆོས་ལུགས་འདི་མེད་ས་ནས་མི་ཚོ་ལྟོག་ཤི་ཐེབས་པ་ཁྱོད་ཀྱིས་ཁས་ལེན་ནུས་སམ་དྲིས་པས་ཁོང་གིས་དེ་འདྲ་རང་དང་མ་རེད་གང་ལྟར་ང་ཚོ་ལ་ནང་ཆོས་འདི་མེད་ན་ལྟོ་མི་རག་ཐག་ཆོད་རེད་ཟེར་ནས་སེམས་ཚོར་ཡོད་པའིཐོག་ནས་བསྐྱར་ལན་གནང་སོང་།

དྲ་གྲོགས་ཚོ་ཁྱེད་རྣམས་ཀྱིས་རང་ཉིད་ཀྱི་ཉི་རེའི་ནང་གི་ལྟོ་རག་རྒྱུ་དེ་བོད་པའི་བླ་མའི་བཀའ་དྲིན་དང་།ཡང་ན་ནང་བསྟན་ཆོས་ཀྱིབཀའ་དྲིན་ཡིན་ནམ།ཡང་ན་རང་ཉིད་ཀྱིས་ལུས་ངག་ཡིག་གསུམ་གྱིས་གཡོ་འགུལ་བྱས་ནས་རག་པ་རེད།གལ་སྲིད་ཁྱེད་རང་ནང་པ་ཞིག་གི་ལུས་སུ་སྐྱེས་མེད་པའི་དབང་དུ་བཏང་ན་ཁྱེད་རང་འཇིག་རྟེན་འདི་ནས་མུག་ཤི་ཆགས་པ་ཁས་ལེན་རྒྱུ་ཡིན་ནམ།