ཆལ་ལེ་ཆོལ་ལེ།

ས་ཡོམ་དང་མེར་བསྲེགས་ཀྱིས་སེམས་རྩ་གྲང་སོང་།

གཏམ་ཆལ་ལེ་ཆོལ་ལེ།

གྲང་རླུང་དང་འཁྱག་རོམ་གྱིས་བསྡམས་པའི་ཕ་ཡུལ། །

ཁ་ཆར་དང་ཐལ་རྡུལ་གྱིས་གཏམས་པའི་རི་གྲོང་། །

གཅན་གཟན་དུར་རྒྱུག་གིས་སེམས་རྩ་གཟན་ཡང་། །

རི་ཐང་ངུ་ངག་གིས་འུར་ཟིང་ཆེ་རུང་། ། ཕྱོགས་གཅིག་ནས།

 

མིག་ཆུ་བརླན་པས་སེམས་ཁ་གསོ་མི་ཐུབ་ལ། །

སྙིང་སྡུག་གི་སྡོང་པོ་ས་འགྱེལ་ཡང་སྐྱོར་མི་ནུས། །

ཁྱེད་ཀྱི་སེམས་ནས་གླེང་རན་ཡོད་པའི་སྤུན་ཟླ་ཚོ། །

ངའི་སྨྱུག་རྩེ་ནས་ཀྱང་བཞུར་བཞིན་པའི་ངུ་ཆུ་འདི་དག །

 

ལྟོས་ཨ། ཤ་ཁྲག་རུས་གསུམ་གྱི་ཟུངས་ཤུགས་འདྲེས་བའི་སྤུན་ཟླ་རྣམས།

ཁ་བའི་འོད་རིས་འཕྲོག་པའི་ཁྱེད་ཅག་གི་འཛུམ་ཀོང་དུ་མུན་པ་ལྷུང་བ། ང་བློ་མི་བདེ། །

རེམས་དང་། བོད་པའི་ཕུག་བསམ་གྱི་ཀྱི་ཉི་གཞོན་འཛམ་གླིང་ན་འོད་ཆེམས་ཆེམས། །

འདི་ནི་འུ་ཚང་གི་མར་མེ་རྐང་གཅིག་ཡིན་ལ། གཤིན་པོ་ཚོའི་རེ་བའང་ཡིན། །

 

ད་རུང་། བདེན་པའི་མེ་ལྕེ་ཡིས་སྤུན་ཟླ་ཚོ་ཚིག་བཞིན་པའི་དུས་ཚོད་འདིར།

ངེད་ནས་མཆེད་པའི་དུར་ཁུང་དུ་རྣམ་ཤེས་མང་བ་བདེན་པ་རེད། །

དེ་དག་ནི་ཡིག་དྲུག་གི་བག་ཆགས་ཟབ་པའི་མིང་སྲིང་ཤ་སྟག་ཡིན། །

ཁོང་ཚོའི་བླ་ནི་ཡི་གེ་དྲུག་མ་དང་ཤ་ཐིམ་རུས་ཐིམ་དུ་སོང་ཡོད་ལ། །

མར་མེ་རྐང་གཅིག་གི་འོད་ཟེར་དང་བསྡོངས་ཏེ་དག་ཞིང་དུ་བུད་རན། །

 

ཡང་། འུ་ཅག་གི་སེམས་སྡུག་དང་གདུང་འབོད་ནི་གཤིན་པོ་ཚོས་ལོས་ཤེས། །

སྙིང་ཁམས་སུ་ལྷིང་འཇགས་གཏན་ནས་མེད་པ། ཁོང་ཚོས་གོ་གོ་ཚོར་ཚོར་ཡིན། །

མྱ་ངན་གྱིས་སེམས་ཁམས་སྐྱོམ་དུས་རང་སེམས་རང་གིས་གསོ། །

ཟློག་མེད་ལས་དབང་གིས་ཡིད་ཐང་ཆེད་དུས། རང་ཉིད་རང་གིས་སྐྱོང་། །

 

དཔེར་ན། གཞན་ཡུལ་དུ་འཚོ་བའི་སྤུར་རྒྱལ་བའི་ཕུ་ནུ་མིང་སྲིང་། །

མི་ཡུལ་ནས་རང་ཡུལ་ལ་དུངས་ཤིང་རང་ཡུལ་འཚོལ། །

ནམ་ཡང་ཕ་ཡུལ་གྱི་ཆེད་དུ་སྤོབས་པ་བསྲིངས་ཡ། །

ཚེ་གང་པོར་མེས་རྒྱལ་གྱི་ཆེད་དུ་འཐབ་རར་ཞུགས་ཡ། །

 

བདེན་པ་ཡིན་ན། བོད་མི་རིགས་ཀྱི་འོད་ཐིག་ལ་རོགས་འདེགས་བྱེད་ཡ། །

བོད་མི་རིགས་ཀྱི་ལས་དབང་ལ་གོམ་ཁ་སྒྲིག་ཡ། །

བོད་མི་རིགས་ཀྱི་དཔའ་བོ་དང་དཔུང་པ་གཤིབ་ཡ། །

བོད་མི་རིགས་ཀྱི་ལོ་རྒྱུས་ལ། ལམ་སྣེ་བསྐྲུན་དགོས།

 

གྲ་མི་འགྲིག་པའི། བུ་ཡུག་གིས་ལམ་སྣ་མི་ཟིན་པའི་དུས་འདིར།

ང་ཚོས་བཟོད་བསྲན་གྱིས་ཨམ་ཚུགས་སྡོམ་དགོས་ལ།

དཀའ་སྡུག་ཁྲོད་ནས་གོམ་ཁ་རེ་རེ་མདུན་དུ་སྤོས་ནས།

མ་འོངས་མཛེས་སྡུག་གི་འཚོ་བ་འཚོལ་དུ་འགྲོ་དགོས།

 

གཅིག་རྒྱབ་གཅིག་གིས་སྐྱོར་ནས། ལམ་སྣ་གཅིག་གིས་ཁྲིད་ནས།

སྐད་ཡིག་གཉིས་ནི་མདུན་སྐྱོད་ཀྱི་གོམ་ཁ་ཡིན།

ལམ་སྟོན་ལ་ཉན་དགོས། བཟོད་བསྲན་རྟ་ཕོའི་བང་ཁ་འཕྱུག་མི་ཉན།

མདུན་སྐྱོད་གཙང་པོའི་གོམ་ཁ་དལ་མི་རུང་།

སྨག་རུམ་ན། མར་མེ་རྐང་གཅིག་གི་འོད་ཟེར་ཡོད་ལ།

རྒྱང་རིང་གི་ལམ་ཁར་དཔྱོད་ཤེས་བཟང་དགོས་་་་་་་་་་་་་་་་་་ཨེ་རེད།

                                          སེར་སྨད་བློ་དགའ་ཡིས་ལམ་ཟུར་ནས་སྤེལ།