སྤྱི་འཐུས་སྒྲོལ་དཀར་ལྷ་མོ་ཨུ་རུ་སར་ཕྱོགས་བསྐྱོད་ཕེབས་འཆར་ཡོད་འདུག

བཀུར་འོས་སྤྱི་འཐུས་སྒྲོལ་དཀར་ལྷ་མོ་ལགས་ཨུ་རིའི་ས་གཞིས་ཆགས་སུ་སྤྱི་འཐུས་ས་བགོས་ཕྱོགས་བསྐྱོད་ལ་ཕེབས་འཆར་ཡོད་འདུག་པ་དང་། ཨུ་རི་ས་མི་མང་གིས་ཀྱང་དེ་བཞིན་དུ་གྲ་སྒྲིག་བྱེད་རྒྱུ་གལ་ཆེན་པོ་རེད། སྒོར་འབུམ་གཉིས་ལྐོག་ཟ་བྱས་པ་ར་འཕྲོད་བྱུང་བ་དང་མི་མང་པོས་སྤྱི་འཐུས་ནས་དགོངས་པ་ཞུ་དགོས་པའི་རེ་སྐུལ་ཞུས་ཡོད་འདུག་པ་དང་། ལྷག་དོན་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ངོས་ནས་མོ་སྤྱི་འཐུས་ལས་གནས་ནས་དགོངས་པ་ཞུ་དགོས་སྐོར་ཞུས་ཡོད་པ་དང་། འབྲེལ་ཡོད་ཀྱི་གནད་ཡོད་མི་སྣ་ཚོས་ཀྱང་དེའི་སྐོར་གསུངས་ཡོད་འདུག ཡིན་ནའང་།

མོ་སྤྱི་འཐུས་སུ་རང་འཇགས་བསྡད་དགོས་པའི་སྐོར་གསུང་མཁན་ཡང་མང་པོ་ཡོད་པ་རེད། ད་ལྟའི་སྐབས་ལ་མོ་ལ་ཉེ་མདོག་བྱེད་མཁན་གཙོ་བོ་ནི། སྤྱི་འཐུས་ཀྱི་ལས་གནས་སུ་ཡོད་པའི་བཀའ་ཟུར་ཐུབ་བསྟན་ལུང་རིག་དང་སྤྱི་འཐུས་སྒྲོལ་མ་ཚེ་རིང་སོགས་རེད། ཐུབ་བསྟན་ལུང་རིག་གིས་མ་སུ་རི་དང་དེ་མིན་གྱི་ས་གནས་སུ་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་གཟབ་སྦྱོང་སྤྲོད་པའི་སྐབས་སུ། མི་མང་གི་དྲི་བའི་ལན་དུ། སྒྲོལ་དཀར་ལྷ་མོ་བཅའ་ཁྲིམས་ནང་གསལ་བའི་བུ་ལོན་སྒྲུབ་འཇལ་མ་ཐུབ་པ་ཟེར་བ་དེ་ཆགས་ཡོད་པ་མ་རེད། བུད་མེད་ཚོགས་པར་དངུལ་ཆ་ཚང་ཕྱིར་སློགས་ཟིན་པ་རེད་ཅེས་བཤད་ཡོད། སྒྲོལ་དཀར་ལྷ་མོས་བུད་མེད་ཚོགས་པ་ནས་དངུལ་དེ་བུ་ལོན་དུ་གཡར་ཡོད་པ་ལྟ་བུ་བཤད་ནས་མི་མང་འགོ་བསྐོར་བཏང་གང་ཐུབ་བྱས་ཡོད། ད་ཐེངས་ཀྱི་ས་བགོས་ཕྱོགས་བསྐྱོད་སྐབས་སྒྲོལ་དཀར་ལྷ་མོས་སྐད་ཆ་གང་བཤད་དགོས་མིན་ཐད་ལ་ཕལ་ཆེར་གཟབ་སྦྱོང་ཞིག་སྤྲོད་ཡོད་ཤག་རེད། དེ་བཞིན་སྒྲོལ་མ་ཚེ་རིང་གིས་དེང་སྐབས་སྒྲོལ་དཀར་ལྷ་མོའི་སྐེ་ལ་འཁྱུད་ནས་འགྲོ་བའི་དུས་མང་པོ་མཐོང་རྒྱུ་ཡོད་པ་དང། ལྐོག་ཟ་བྱས་པ་དེ་གནད་འགག་མེད་པའི་རྣམ་འགྱུར་མངོན་གསལ་ཅན་སྟོན་མཁན་ཞིག་ཆགས་འདུག་པ་དང་། མོས་ཀྱང་དེའི་ཁྲོད་ནས་གང་ཞིག་འཚོལ་གྱི་ཡོད་མེད་ལ་དོགས་པ་འདུག ད་ལྟའི་སྐབས་ཁྱི་སྤྱང་ལག་སྦྲེལ་བྱེད་བཞིན་པ་འདི་མི་ཁག་གཅིག་གིས་མཐོང་མེད་ཚོད་འདུག་པ་དང་། གལ་ཏེ་སྒྲོལ་དཀར་ལྷ་མོ་སྤྱི་འཐུས་གཞན་ཞིག་ཡིན་ན་་་་་་་་་་ཤར་ཕྱོགས་ཁུག་རྟ་ཟེར་བ་སོགས་དྷ་སའི་ལུང་ཁུག་གི་གྲོ་མ་འདི་ཚོས། རལ་གྲི་གནམ་གཡུག་གི་ཚིག་རྙོག་གཙོང་ཁ་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་ཟུར་པ་རྡོ་ཤུགས་རྒྱ་མཚོའི་གསུང་རྩོམ་ནང་བཞིན་བྲིས་ཡོད་ཤག་རེད། ད་ལྟའི་སྐབས་མི་འདི་ཚོ་གོ་རྒྱུ་ཐོས་རྒྱུ་མི་འདུག་ག