དེ་རིང་གི་གྲོང་གསེབ་གསར་འགོད་པའི་གོ་རྟོགས།

གསར་འགོད་པ་ཞིག་ཡིན་ན། དེ་ན་ཚང་དགོས་པ་མང་པོ་ཞིག་ཡོད།  དེ་ནི་ཚང་མས་བཤད་ན་

སྐད་ཡིག་མ་མཐའ་གཉིས་ཡག་པོ་ཡོད་པ་ཞིག་དགོས་ཟེར།  ཁ་ཤས་ཀྱིས་དེ་ཙམ་གྱིས་འགྲིགས་པར་

བརྩི་མཁན་དེ་འདྲ་ཡོད། ཡིན་ན་ཡང་དེ་ནི་རྨིང་གཞིའི་ཆ་རྐྱེན་ཙམ་ལས།  ད་དུང་དེ་ལ་གསར་འགོད་པའི་ཆ་རྐྱེན་ཚང་མེད། 

དེས་ན་དེ་ལ་ཚང་དགོས་པ་མང་པོ་ཡོད།  དེ་ནི།  དེ་ལ་སྤྱི་བཏང་གི་ཤེས་བྱའི་གནས་ཚད་ཡག་པོ་དགོས་པ་དེ་རྩ་བ་གཉིས་པའི་ཆ་རྐྱེན་དུ་བརྩི་ཆོག  དེ་ཡི་ཆ་རྐྱེན་ལ།  ཚགས་པར་མང་པོ་ཀློག་པ་དེ་གལ་ཆེ།  ཚགས་པར་ཡང་རང་དང་འབྲེལ་བ་དང་། རང་དང་འགལ་བ་གཉིས་ཀ་ཁྱད་མེད་དུ་ཀློག་དགོས་པ་གལ་ཆེ།  དེ་ནས་ཀློག་བརྙན་གསར་འགྱུར་དག་ལྟ་རྒྱུ་དང་།  གཉིས་པ་དེ་ནི།  གསར་འགོད་པ་དག་དང་འབྲེལ་བ་དམ་ཟབ་དུ་བཏང་ནས་དེ་དག་ལས་གསར་འགྱུར་གྱི་ལས་རིགས་ཕྱོགས་བསྡོམས་བྱེད་རྒྱུ་དང་།  དེ་ལས་ཀྱང་གལ་ཆེ་བ་ནི།  གསར་འགྱུར་གྱི་ཡོང་ཁུངས་དག་དང་འབྲེལ་བ་དམ་ཟབ་ཅིག་དགོས་པ་ནི་ཤིན་དུ་ནས་ཀྱང་གལ་ཆེ།  དེ་ནི་ཚོགས་པ་ཁག་དང་།  གཞུང་དང་།  གཞུང་འབྲེལ་མིན་པ་ཀུན།  གཞན།  མང་ཚོགས་དང་མཉམ་དུ་འབྲེལ་འདྲིས་མང་ཙམ་བྱེད་པ་དང་།  དེ་ལས་ཀྱང་གལ་ཆེ་བ་ནི།  ཚོགས་པ་ནག་པོ་དེ་ཚོའི་སྐོར་ལ་ཡང་འབྲེལ་འདྲིས་བྱེད་ཐུབ་ན།  དེ་དག་ལས་གསང་བ་མང་པོ་རག་ཏུ་ཡོད་།  དེ་དག་ལ་འབྲེལ་བ་བྱེད་སྐབས།  ལམ་འདྲ་མིན་གྱི་ཐོག་ནས་འབྲེལ་འདྲིས་བྱེད་དགོས།  དཔེར་ན། ལོ་གསར་སྐབས་སུ་ལེགས་སྐྱེས་འབུལ་རེས་དང་།  རྩེད་མོ་ལ་མཉམ་ཞུགས།  དགའ་ཕྱོགས་གླེང་བ།  མཉམ་ལས་བྱེད་པ་སོགས་ཡིན།  དངོས་སུ་གསར་འགྱུར་དེ་ལག་ཏུ་ཐོན་སྐབས། བརྒྱུད་ལམ་གཞན་དང། ཡང་ན།  གནས་ཚུལ་དེ་ཐེང་གཉིས་ཙམ་རང་གིས་མ་ཚོར་བར་གསར་ལམ་དུ་བཀོད་དུ་མེད་།  གསར་ལམ་ཏུ་བཀོད་སྐབས།  W༥ཚང་དགོས་པ་རེད་ཟེར་བ་དེ་ལ་བརྩི་འཇོག་བྱེད་དགོས།  དེ་དག་མ་ཚང་ན། གསར་འགྱུར་གྱི་ཡན་ལག་ཆ་མ་ཚང་བས།  སུས་དེ་གནས་ཚུལ་ཚད་ལྡན་ལ་མི་འཇོག  གསར་ལམ་དུ་འགོད་སྟངས་ཡང་།  གཞན་གྱིས་ཀློག་སྙམ་བྲོད་པ་བྱེད་དགོས་ལ།  དེ་ནི་དེ་དག་གི་ནང་ནས་མི་འདྲ་བའི་གནས་ཚུལ་ཡ་མཚན་པ་དེ་འགོ་བརྗོད་དུ་བྲིས་ན་ཕན་ཆེ།  དེ་ནི་ཡིག་འཕྲེང་དང་པོ་ཀློག་འགོ་འཛུགས་ཐུབ་པར་ཕན་ཐོག་ཆེ།  དང་པོ་དེ་ཡང་ཚིག་ཐུང་ལ་གནད་འདུས་པ་ཞིག་བཟོས་ན།  གཤམ་གྱི་གནས་ཚུལ་གཟིགས་པ་ལ་ཕན་ཆེ།  དེ་ལྟ་བཀོད་པའི་གསར་འགྱུར་དེ་ཧ་ཅུང་རིང་བ་ཞིག་ཡིན་ན་ཉོབ་སྣང་སྐྱེ་བས་ཐུང་དགོས་ལ།  གཞན་ཡང་མང་དུ་ཡོད་ཀྱང་མང་དུ་བྲིས་ན་ཕན་དུ་མ་མཐོང་།