ནང་བསྟན་ཆོས་ལུགས་ཀྱི་ཕན་ནུས།

ནང་བསྟན་ཆོས་ལུགས་ཀྱི་ཕན་ནུས།

ང་ཚོ་བོད་པའི་སྤྱི་ཚོགས་ནི་འཛམ་གླིང་མི་རིཊ་གཞན་དང་བསྡུར་ན་དམིགས་བསལ་བ་ཞིག་རེད།བོད་སིལ་བུར་འཐོར་ནས་བཟུང་ང་ཚོ་ལ་དཔལ་འབྱོར་དང་ཚན་རིག་ལག་རྩལམི་རིཊ་སློབ་གྲྭ་སོཊ་བོད་སྤྱི་ལ་དབང་བསྒྱུར་ཐུབ་པའི་ནུས་ཤུགས་གང་ཡང་མེད་པ་རེད།

ད་དུང་ཆབ་སྲིད་ཀྱི་ཐོག་ནས་ལུང་པ་རེ་ལ་དཔོན་ཆུང་རེས་དབང་བསྒྱུར་བྱས་ནས་ཡོད་པ་རེད།མི་སེར་མང་པོ་ལ་འཚོ་པའི་ཐོག་ནས་དཀའ་་ངལ་སེལ་རྒྱུ་ཕར་ཞོག་ད་དུང་ཁྲལ་མང་ཙམ་མཇལ་དགོས་བྱུང་ཡོད།དཔོན་ངན་འགའ་ཤས་ཀྱིས་རང་གི་ཁེ་ཕན་ཆེད་རྒྱལ་ཁབ་གཞན་གྱི་དཔུང་དམག་དྲངས་ནས་རང་གི་མི་རིཊ་དམར་གསོད་བཏང་བ་ཉུང་ཉུང་མིན།དེ་ལས་ཉེན་ཚབས་ཆེ་བ་ཞིག་ནི་དབང་ཤུཊ་ཅན་འགའ་ཞིག་གིས་ཆོས་ལུཊ་ཁ་ལ་ཁྱེར་ནས་དཔུང་བསྒྲིཊ་སྟེ་རང་གི་རིཊ་རྒྱུད་དྲི་མ་མེད་པ་དམར་གསོད་བཏང་བ་ནི་ཅི་འདྲའི་བློ་ཕམ་དགོས་པ་ཞིག་རེད།ལག་ལེན་འདི་བརྒྱུདནས་བོད་སིལ་བུར་འཐོར་པ་ནསསྤྱིལོ༡༩༥༩བར་འཁྱར་ཁྱོར་བྱས་ནས་བསྡདཔ་རེེད།རྒྱ་ནག་གི་ཡང་བོད་གཅིག་གི་གྱུར་ནུས་པ་མེད་པ་བཟོ་ཐབས་མངོན་ཤུཊ་བརྒྱུད་གསུམ་ཅི་རིགས་ཀྱི་ཐོག་ནས་ལས་འགུལ་ཚ་ཚ་འུར་འུར་སྤེལ་བ་རེད། གོང་གི་དབང་ཤུཊ་ཅན་ཚོས་བྱ་སྤྱོད་ལ་མ་ལྟོས་པར་བོད་གངས་ཅན་པས་ནང་བསྟན་ཆོསལུགས་ལ་དད་གུས་གཅིག་གྱུར་གྱི་བསམབློའི་ཁྱེར་སོ་ནམ་ཡང་ཕམ་མ་མྱོང་བར་བརྟེན།  བོད་མི་རིཊ་ཀྱི་གཅིག་གྱུར་འདུ་ཤེས་གཏན་དུ་དོར་མྱོང་མེད།ལྷག་པར་དུ༡༩༥༩ལོར་རྒྱ་ནག་གིས་བོད་དབང་བསྒྱུར་བྱས་སྐབས་ཁོ་ཚོས་བོད་ཀྱི་དཔོན་པོ་དག་གི་བྱ་སྤྱོད་ལ་བལྟས་ན་བོད་འདི་ཁོ་ཚོས་ལྷོད་ལྷོད་ལེན་ཆོག་རྒྱུས་རེ་བ་བཅིང་པ་རེད།   ༡༩༥༩ལོར་རྒྱ་ནག་གི་བོད་ལེན་སྐབས་རྒྱ་སྡེ་དང་ཐག་ཉེ་བའི་བོད་མི་ལོ་ན་༦༠ལོན་པརྒན་རབས་དང་ལོ་ན༡༨ལོན་པའི་བྱེས་པ་ཚོས་ཀྱང་དམག་འཐབ་དྲག་པོས་ཕར་རྒོལ་བྱསཔ་རེད། བོད་མི་བརྒྱ་ཕྲག་མང་པོས་ཚེ་སྲོག་ཤོར་བ་རེད།།

ཁོ་ཚོས་གངས་ལྗོངས་ཆོས་ལྡན་ཞིང་དང་ཁ་བྲལ་ཐབས་མེད་ཟེར་ནས་འཐབ་རྩོད་བྱས་པལས་ཡུལ་དབུས་ཀྱི་མི་དྲག་དང་ཁ་བྲལ་ཐབས་མེད་ཟེར་མྱོང་མེདཔ་རེད།  འདི་ནི་བོད་མིའི་ནང་བསྟན་ཆོས་ལུཊ་ཀྱི་ནུས་པའི་བོད་སྐྱོབ་པ་རེད།བོད་མིའི་ནང་བསྟན་ཆོས་ལུཊ་ཀྱིནང་བསམ་བློ་ལ་ཞི་བདེ་བསྐྲུན་ཡོད་པ་མ་ཟད་བོད་མི་གཅིག་གྱུར་གྱི་ནུས་པ་ལ་སྲུང་སྐྱོབ་བྱེད་མཁན་གལ་ཆེན་པོ་ཞིག་ཆགས་ཡོད།རྒྱ་ནག་གིས་བོད་རིཊ་རྣམསཞིང་ཆེན་ཁག་ལྔའི་ནང་དུ་ཟླ་སྒྲིལས་བྱས་ནས་གཅིག་བསྒྱུར་ལ་གཏོར་ཤིག་བཏང་ཐབས་་བྱས་ཡང་ནུས་པ་མ་ཐོན་པ་རེད།    མཐར་རྒྱ་ནག་གིས་བོད་མི་གཅིག་གྱུར་གྱི་ཚེ་སྲོག་ནི་ནང་བསྟན་ཆོས་ལུགས་ཀྱི་བྱེད་ནུས་ལ་ཐུག་ཡོད་པ་ཤེས་པ་རེད།རྒྱལ་སྤྱིའི་ཆོས་གཅེས་ཀྱིཐབས་ཇུས་འོག་ནང་བསྟན་ཆོས་ལུགས་ཀྱི་བྱེད་ནུས་མེད་པ་བཟོ་རྒྱུ་འགོ་བཙུགས་པ་རེདཐབས་ཇུས་འདི་དེང་སང་མདོ་དབུ་ཁམས་གསུམ་ལ་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་ཡོད     འོན་ཀྱང་སྟབས་མ་ལེགས་པའི་གནད་དོན་གཞན་ཞིག་བྱུང་བ་ནི་རྒྱ་ནག་གིས་ནང་བསྟན་ཆོས་ལུགས་རྩ་མེད་བཏང་བའི་ཐབས་ཇུས་མེ་ལྟ་བུ་འབར་བཞིན་པའི་སྐབས་སུ་བོད་ཕྱི་

ནང་གཉིས་ཀྱི་བོད་མི་འགའ་ཞིག་གིས་ནང་བསྟན་ཆོས་ལུགས་ནི། མི་རིཊ་དང། དཔལ་འབྱོར། སྔོན་ཐོན་ཤེས་ཡོན་སོཊ་ཡར་རྒྱས་མི་འགྲོ་པའི་འགག་རྩ་ཡིན་ཚུལ་སོཊ་གྱི་རྩོམ་ཡིག་སྤེལ་བ་རེད་དེས་ནི་མེ་ཐོག་ཤིང་འཇོག་གི་ལས་འགུལ་ཞིག་ཆགས་པ་རེད། ད་ནི་བོད་གངས་ཅན་གཅིག་བསྒྱུར་ཐུབ་པའི་དཔལ་འབྱོར་དང་ཚན་རིཊ།དབང་ཤུཊ་སོཊ་མེད་པ་རེད། ནང་བསྟན་ཆོས་ལུཊ་ཀྱིས་བྱེད་ནུས་ནམ་རྫོཊ་པ་ན་བོད་མི་རིཊ་འདི་མི་རིཊ་གཞན་གྱིས

དབྱིངས་སུ་ཐིམ་ཉེན་ཡོད་པས་ཡིད་གཟབ་བྱེད་དགོས་པ་ནི་ཤུན་ཏུགལ་ཆེས་སྙམ།།

ལི་ཕྲུག་ཉི་མ་ནས་རྒྱ་གར་བྱང་ཕྱོགས་ནས་སྤེལ།།