དཔེ་དེབ་གསར་པ་ཞིག

རྟོག་གེ་པས་འགོག་མེད་སེམས་ཀྱི་རང་འགྲོས་ཐོག་མའི་ཡན་ལག དེ་ཡང་ཇི་སྐད་དུ།          བདག་ཉིད་ཆེན་པོ་རྒྱལ་སྲས་ཞི་བ་ལྷའི་ཞལ་ནས།།                         སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད།།                           སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ།།                             དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད།།                               རང་གི་ཡིད་ལ་བསྒོམས་ཕྱིར་ངས་འདི་བརྩམས།། ཞེས་གསུངས་པར་ལྟར་ཁོ་བོས་ བྲིས་པའི༼རྟགས་སྦྱོར་རིག་འཕྲུལ་སྣང་བ༽ལས་སྔོན་བྱོན་འཕགས་བོད་མཁས་གྲུབ་ཚད་ ལྡན་དག་གིས་མཛད་པའི་ཚད་མ་རིགས་པའི་གཞུང་ལུགས་ཀྱི་ནང་དུ་མི་གསལ་བ་དང་མ་ གསུངས་པ་གསར་དུ་བཤད་ཡཱ་དང་གོ་བར་གསར་པ་ཞིག་བླང་ཡཱ་ཡེ་ནས་མེད་ལ་བརྗོད་ཡང་ མེད།

   ཕྱོགས་ཞེན་དང་འོལ་ཚོད་དེ་ལས་ཀྱང་བཤད་མེད།  གལ་སྲིད་གཞུང་ལུགས་དང་དགག་སྒྲུབ་རྟགས་སྦྱོར་སོགས་ལ་ཕྱོགས་ཟུར་ཡན་གར་བ་རེའི་ རྟོག་པའི་དོན་སྤྱི་རགས་པ་ཙམ་ལ་བརྟེན་ཁུལ་གྱིས་རང་ལྟའི་སྡོམ་ཚིག་བསྐམས་པོ་ ཞིག་བརྗོད་ཀྱང་།  རང་མགོར་ཆུ་འདྲེན་ལྟར་ལས་མ་འདས་སོ།      དེ་མིན་དགེ་བཤེས་ཆོ་ལོ་བ་ཁ་ཅིག་ལྟར་དུ་སྔོན་བྱོན་མཁས་གྲུབ་དམ་པའི་ལུང་རྭ་ ལས་འགལ་བ་ལྟག་སྤྲོད་དུ་སོང་བ་དང་།་་

དེ་ལས་མང་བ་གཟིགས་འདོད་ན།་   www.tibetparkhang.wordpress.com