རྒྱ་བོད་གཉིས་ཀྱིས་གཅིག་མཐོང་གི་ཚོགས་པ་ནག་པོ། འཇིགས་སྐུལ་པ། སྐུ་ཕྱྭ་ལ་བདོ་མཁན།

རྒྱ་བོད་གཉིས་ཀྱིས་གཅིག་མཐོང་གི་ཚོགས་པ་ནག་པོ། འཇིགས་སྐུལ་པ། སྐུ་ཕྱ་ལ་བདོ་མཁན།

རྒྱ་ནག་གཞུང་གི་བརྒྱུད་ལམ་ཁག་ནས་བོད་ཀྱི་གཞོན་ལྷན་ཚོགས་དེ་ད་ལྟ་འཛམ་གླིང་གཅིག་འབྲེལ་གྱིས་རྒོལ་རྡུང་བྱེད་སའི་འཇིགས་སྐུལ་རིང་ལུགས་པ་ཞིག་ཡིན་པ་སྔ་ཕྱིར་བསྒྲགས་པ་དང། བརྒྱུད་ལམ་ལ་རང་དབང་མེད་པའི་ད་ལྟའི་རྒྱ་ནག་གིས་མི་རིགས་ལྔ་ང་དྲུག་གི་མི་འབོར་དུང་ཕྱུར་བཅུ་གསུམ་ལྷག་གིས་དོན་སྣང་ཅན་རེ་ཟུང་མ་གཏོགས།

རྒྱ་གཞུང་གིས་དྲིལ་བསྒྲགས་རྫུན་མའི་འོག་མགོ་བོ་འཐོམས་ནས་ཡོད་ལ། བོད་ནང་གི་བཙན་བྱོལ་སྤྱི་ཚོགས་དང་འབྲེལ་བ་མེད་སའི་ཁུལ་དང་རྨོངས་འཐོམ་འགའ་རེ་གྲས་སུ་འཐོམ་ཡོད་པ་རེད། དེ་རིང་བཙན་བྱོལ་ནང་ནས་གཞོན་ལྷན་འཇིགས་སྐུལ་རིང་ལུགས་པ་རེད་ཅེས་འགྲེལ་བཤད་བརྒྱབ་ན་གོ་བ་ལོན་མཁན་མི་གཅིག་ཀྱང་རྙེད་མི་སྲིད་པས། མི་འགས་རེས་ཐབས་ལམ་མང་པོ་བཙལ་འཚོལ་བྱས་ནས། ཉེ་ལམ་༧གོང་ས་མཆོག་གིས་འདས་མ་ད་གསུམ་ལ་རྒྱང་གཟིགས་ཀྱིས་བཀའ་སློབ་ཅིག་གནང་དུས། སྐབས་འཚོལ་རུ་ཁག་པ་ཁག་གཅིག་ཁ་འཛུམ་ངོ་འཛུམ་བྱས་ནས། བོད་ཀྱི་གཞོན་ཚོགས་ལ་ཐབས་ཤེས་ཡོད་རྒུ་བཏོན་ནས་༧གོང་ས་མཆོག་གི་སྐུ་ཕྱྭ་ལ་བདོ་བའི་ཉེས་མིང་འོག་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས། རྡ་སའི་དབུ་མའི་ལས་འགུལ་ཁང་སོགས་ཚོགས་པ་བཅུ་གཅིག་ཟེར་བ་དེས་བྱ་འགུལ་དེ་སྤེལ་མུས་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མ་བཤད་པ་མ་བསྒྲགས་དག་བཙན་གྱིས་ནག་འགེབ་བྱེད་པ་ནི། དེ་ནི་ནམ་རྒྱུན་བཙན་བྱོལ་ནང་ཚང་མའི་ཁ་ལ་བྱང་པའི་དགྲ་དགའ་གཉེན་སྡུག་ཟེར་བ་དེ་དངོས་གནས་རེད། ད་གཞི་ནས་ལྟ་དུས་བོད་ཀྱི་གཞོན་ནུ་ཚོགས་པ་དེ་རྒྱ་བོད་གཉིས་ཀྱི་གཅིག་མཐོང་གི་ཚོགས་པ་ནག་པོ་དེ་རེད། དབུ་མའི་ལས་འགུལ་ཁང་ངམ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཡན་ལག་ཁང་གིས་སྐར་ལྔའི་དར་དམར་ཁུར་བའི་གོམ་བགྲོད་བྱས་ཟིན་ལ།  ད་ང་ཚོའི་སྤྱི་ཚོགས་ཆུང་ཆུང་བརྡབ་བསིག་འདྲ་ཞིག་བཟོས་སོང། ད་དུང་གཏོར་བཤིག་གི་ལས་འགུལ་བང་བསྒྲིགས་ཡོད་རྒྱུ་རེད། འདི་ལྟ་བུ་དེ་གོང་ས་མཆོག་གི་ཐུགས་ཀྱི་བཞེད་དོན་སྒྲུབ་མཁན་ཡིན་ནམ།