༄༅།། ཞོགས་འཕྲིན་སེམས་ཀྱི་ངལ་གསོ།

སྐྱ་རེངས་མཁའ་མཐའ་འཆར་སྐབས་ཞོགས་པ་བདེ་ལེགས།། 

མཚམས་སྤྲིན་དམར་སེར་འཆར་སྐབས་ཞོགས་པ་བདེ་ལེགས།། 

སྐར་ཆེན་མཁའ་ནས་ཕེབས་སྐབས་ཞོགས་པ་བདེ་ལེགས།།

ཉི་ཟེར་འཛུམ་བག་ངོམ་སྐབས་ཞོགས་པ་བདེ་ལེགས།།

 

ས་ཆེན་གསེར་འོད་འཁྱིལ་སྐབས་ཞོགས་པ་བདེ་ལེགས།། 

བྱ་ཚོགས་སྙན་གླུ་སྒྲོག་སྐབས་ཞོགས་པ་བདེ་ལགས།། 

ཟླ་བའི་རང་མདོག་ཉམ་སྐབས་ཞོགས་པ་བདེ་ལེགས།། 

གློག་འོད་རང་མདངས་ཡལ་སྐབས་ཞོགས་པ་བདེ་ལེགས།། 

གངས་རྩེ་ཉི་ཟེར་ཕོག་སྐབས་ཞོགས་བདེ་ལེགས།།

རྫ་རིའི་ཁ་རླངས་ཡལ་སྐབས་ཞོགས་པ་བདེ་ལེགས།། 

ནགས་འདབས་ཁད་ཀྱིས་དཀྲོགས་སྐབས་ཞོགས་པ་བདེ་ལེགས།། 

ཆུ་མོ་དལ་གྱིས་སད་སྐབས་ཞོགས་པ་བདེ་ལེགས།།

ཤར་ནུབ་གཉིད་དུ་སད་སྐབས་ཞོགས་པ་བདེ་ལགས།།

སེམས་ཀྱི་གསང་བ་ལབ་ས་ཞོགས་པ་བདེ་ལགས།།

སྐྱིད་སྡུག་མཉམ་གཤིབ་གྲོགས་རྣམས་ཞོགས་པ་བདེ་ལེགས།།

སྐྱིད་སྡུག་བགྲོ་གླེང་གནང་ས་ཞོགས་པ་བདེ་ལེགས།། 

བོད་དོན་གླེང་མོར་བྱེད་ས་ཞོགས་པ་བདེ་ལེགས།།

རྒྱུས་ཡོད་རྒྱུས་མེད་དྲྭ་གྲོགས་ཞོགས་པ་བདེ་ལེགས།། 

སྐད་འཕྲིན་ནང་ན་བཞུགས་ཡོད་ཞོགས་པ་བདེ་ལེགས།། 

བོད་ཡིག་ཤེས་མཁན་ཐམས་ཅད་ཞོགས་པ་བདེ་ལེགས།།

བོད་གོས་གྱོན་ཚོད་ཐམས་ཅད་ཞོགས་པ་བདེ་ལེགས།།

བོད་སྐད་ཤེས་མཁན་ཐམས་ཅད་ཞོགས་པ་བདེ་ལེགས།།

བོད་རྩམ་བཞེས་མཁན་ཐམས་ཅད་ཞོགས་པ་བདེ་ལེགས།།

བོད་ལ་དུང་ཞེན་ཡོད་ཚད་ཞོགས་པ་བདེ་ལེགས།།

བོད་ཀྱི་ཆོས་སྲིད་སྐྱོབས་མཁན་ཞོགས་པ་བདེ་ལེགས།།

བོད་མིའི་གྲོགས་རྣམས་ཐམས་ཅད་ཞོགས་པ་བདེ་ལེགས།།

བོད་དོན་གླེང་མཁན་ཐམས་ཅད་ཞོགས་པ་བདེ་ལེགས།།

ཆོས་དང་ཆབ་སྲིད་གླེང་མཁན་ཞོགས་པ་བདེ་ལེགས།། 

ཤར་ནུབ་གང་དུ་བཞུགས་མཁན་ཞོགས་པ་བདེ་ལེགས།། 

སྔ་མོར་ཡར་དུ་བཞེང་མཁན་ཞོགས་པ་བདེ་ལེགས།།

ང་ལ་འབྲེལ་པ་ཐོགས་ཚད་ཞོགས་པ་བདེ་ལེགས།།   

ང་ལ་ཁ་ཐག་ཉེ་ཚད་ཞོགས་པ་བདེ་ལེགས།།       

ང་ལ་དུང་བ་ཡོད་ཚད་ཞོགས་བདེ་ལེགས།།

ང་ལ་སེམས་ཁྲལ་ཡོད་ཚད་ཞོགས་པ་བདེ་ལེགས།།

ང་ཡི་གྲོགས་རྣམས་ཡོད་ཚོད་ཞོགས་པ་བདེ་ལེགས།།

ང་ཡི་སྙིང་གི་ཕ་མ་ཞོགས་པ་བདེ་ལེགས།།

ཞོགས་ཇ་སྔ་མོར་མཆོད་སྐབས་ཞོགས་པ་བདེ་ལེགས།།

ཞོགས་ཟས་ཞིམ་པོ་གསོལ་སྐབས་ཞོགས་པ་བདེ་ལེགས།།

ཞོགས་ཇ་དལ་མོར་མཆོད་སྐབས་ཞོགས་པ་བདེ་ལེགས།།

 ཞོགས་པ་མགོ་བོ་འགྱོགས་སྐབས་ཞོགས་པ་བདེ་ལེགས།།

ཞོགས་པ་ནང་མི་ལྷན་རྒྱས་ཞོགས་པ་བདེ་ལེགས།། 

དེ་རིང་དྲྭ་གྲོགས་རྣམ་པ་ཞོགས་པ་བདེ་ལེགས།།

ཞོགས་པ་བདེ་ལེགས་ཐམས་ཅད་ཞོགས་པ་བདེ་ལེགས།། 

ཞོགས་རྩོམ་འདི་ནི་རྒྱུས་ཡོད་རྒྱུས་མེད་རྣམས་ལ་སེམས་གཏིང་ནས་བྲིས་པ་ཡིན་པས་ཁྱེད་ཅག་རྣམས་ཀྱིས་ཞོགས་པ་སྔ་མོར་དྲྭ་གྲོགས་ཡོད་ཚད་རྣམས་ལ་གཏོང་རོགས་གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ས་ནས་སྙིང་ནས་ཕུལ་པ་ལགས་སོ།།  ༢༠༡༢  ༩  ༡༢ ཉིན་བྲིས་སོ།