གཙོས་གྲོང་ཁྱེར་དུ་རྒྱ་གཞུང་ལ་རང་ལུས་མེར་སྲེག་གི་ངོ་རྒོལ།

580904_375460075862698_2071078946_nཟླ་འདིའི་ཚེས་༦ ཉིན་ཨ་མདོ་ཀན་ལྷོ་གཙོས་གྲོང་ཁྱེར་དང་མི་རིང་བའི་སྤྱི་ལེ་བཅུ་ཙམ་གྱི་སར་ཡོད་པའི་རྡོ་དཀར་དགོན་པའི་གཡོན་ངོས་མཆོད་རྟེན་ཉེ་འགྲམ་དུ་བོད་ནང་གི་ཆུ་ཚོད་༡༢ ཡོལ་ཙམ་ལ། ན་གཞོན་སངས་རྒྱས་རྒྱ་མཚོ་ཟེར་བས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་འདུག

དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱུན་ལས་ལྷ་ཆབ་སྦྱིན་པར། གནས་འདྲི་བྱས་པར། ཁོང་གིས་ས་གནས་སུ་ཁ་པར་བཏང་བ་ཡིན་ལ། མེར་སྲེག་གི་གནས་ཚུལ་བྱུང་བ་བདེན་པ་རེད། དེ་ལས་ལྷག་གསལ་པོ་གོ་མ་སོང་ཞེས་གསུངས་སོང་།ཁོང་གཙོས་གྲོང་ཁྱེར་གྱི་ཁོངས་གཏོགས་སོ་རོ་ནང་མ་སྡེ་པ་ནས་ཡིན་འདུག །

རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གདན་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་ཆོས་རྒྱ་མཚོས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། 09sangya gyatsoརང་སྲེག་ངོ་རྒོལ་སྤེལ་མཁན་སངས་རྒྱས་རྒྱ་མཚོ་ནི་རང་ལོ་༢༧ ཡིན་པ་དང་། ཁོའི་ཕ་མིང་ལ་མགོན་པོ་དོན་འགྲུབ་དང་མ་མིང་ལ་མགོན་པོ་འཚོ། གཟའ་ཟླའི་མིང་ལ་རྡོ་རྗེ་སྐྱིད། ཁོང་གཉིས་ལ་བྱིས་པ་བུ་བུ་མོ་གཉིས་ཡོད་པ་དང་།  དེའི་ནང་ནས་ཆེ་བ་བུའི་མིང་ལ་རྡོ་རྗེ་དོན་འགྲུབ་དང་ད་ལོ་རང་ལོ་བདུན་དང་། ཆུང་བ་བུ་མོའི་མིང་ལ་ཏིང་འཛིན་འཚོ་ཟེར་ཞིང་ད་ལོ་རང་ལོ་ལྔར་སོན་ཡོད་འདུག  སྡེ་དགོན་གཉིས་ཀྱི་བར་ལ་སྤྱི་ལེ་གཅིག་ཙམ་ལས་ཡོད་པ་མ་རེད།

ཁོང་གིས་རང་ལུས་མེར་སྲེག་གཏོང་སྐབས་༧སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་པ་དང་། བོད་ལ་སྐད་ཡིག་དང་ཆོས་དད་རང་དབང་དགོས་པ་སོགས་ཀྱི་སྐད་འབོད་གནང་སྟེ་གྲོངས་ཡོད་འདུག སྐབས་དེར་དགོན་པའི་གྲྭ་མང་གིས་ཁོང་གི་སྐུ་ཕུང་དགོན་པར་གདན་འདྲེན་བྱས་ཏེ། བསྔོ་སྨོན་རྒྱ་ཆེར་གནང་བ་དང་། དེའི་རྗེས་དགོན་པ་ནས་སྐྱ་སེར་མི་མང་གིས་ཁོང་གི་སྐུ་ཕུང་སྡེ་བར་གདན་དྲངས་ཏེ་མཆོད་འབུལ་བྱེད་བཞིན་ཡོད་པ་རེད།

431744_375460002529372_946831940_n

གཡས་གཡོན་གྱི་གྲོང་སྡེའི་མི་མང་དང་། ས་གནས་གཞན་ནས་གོ་ཐོས་བྱུང་མཁན་མི་གང་མང་ཞིག་རྡོ་དཀར་ཚོ་བ་གསུམ་གྱིས་ཡུལ་མི་མང་པོ་ཁོང་ཚང་ལ་འཛོམས་ནས་ཐེངས་འདིའི་རྒྱལ་གཅེས་དཔའ་བོ་ཁོང་གིས་བྱས་རྗེས་ལ་གུས་བཀུར་དང་། རྗེས་ཕྱོགས་ཀྱི་གནས་ཚུལ་གང་ཐད་ལ་ཁོང་ཚོས་འགན་ཁུར་ཏེ་སྐྱིད་སྡུག་མཉམ་མྱོང་བྱ་རྒྱུ་ཡིན་ཟེར་ནས་ནང་མིར་བརྗོད་ཡོད་འདུག

ཕྱི་དྲོ་རྒྱ་ནག་གཞུང་གི་ཉེན་རྟོག་པ་མང་པོ་དགོན་པ་དང་སྡེ་བར་སླེབས་འདུག་ཟེར་གྱི་འདུག་སླེབས་ཡོད་འདུག

དེ་བཞིན་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཡང་རྡོ་དཀར་ས་གནས་ཀྱི་སེར་སྐྱ་མང་ཚོགས་ནས་ཞི་བའི་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། སྔ་གཞུག་ཏུ་དམག་མི་དང་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་འབོར་ཆེན་ཡོངས་ནས་སྡེ་བ་སོ་སོར་བཙན་འཛུལ་གྱིས་ཁང་པའི་སྒོ་དང་སྒེའུ་ཁུང་སོགས་བཅག་སྟེ། སྦག་སྦག་བརྒྱད་ཅུ་ལྷག་བཙན་འཕྲོག་དང་། གཞན་རྒྱུ་དངོས་རྩ་ཆེན་མང་བོ་བཅོམ་འཕྲོག་བྱས་ཡོད་པ་མ་ཟད། མི་སྐྱ་བདུན་ཅུ་ལྷག་འཛིན་བཟུང་གཅར་རྡུང་ཚད་མེད་བཏང་མཐར་རྒྱ་སྒོར་སུམ་སྟོང་རེའི་ཉེས་ཆད་བཅད་ནས་བཏང་ཡོད་འདུག  དེ་ནས་བཟུང་ད་ལྟའི་བར་དུས་ཚོད་ངེས་མེད་ལ་རྒྱ་ནག་གཞུང་གི་ལས་དོན་རུ་ཁག་དགོན་ནང་དུ་ཡོང་ནས་རྒྱལ་གཅེས་སློབ་གསོ་ཟེར་བ་སྤེལ་མུས་སུ་ཡོད་པ་དང་། ༢༠༠༧ ལོར་ཡུལ་དེར་ས་གནས་རྒྱ་གཞུང་གིས་དཔོན་རིགས་ཁག་ཅིག་སླེབས་ཏེ། ༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རྒྱུར་མོས་མཐུན་ཡོད་མེད་ཀྱི་བསམ་ཚུལ་མིང་རྟགས་བསྡུ་རུབ་བྱེད་སྐབས། མི་དམངས་ཐུན་མོང་གིས་མོས་མཐུན་ཡོད་པའི་མིང་རྟགས་བཀོད་ཡོད་ཀྱང་། ས་གནས་རྒྱའི་ལས་བྱེད་རྣམས་ཀྱིས་ལོག་བསྒྲུབ་བྱས་ཏེ་རྡོ་དཀར་མི་གིས་༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རྒྱུར་འདོད་མོས་མི་འདུག་ཅེས་གོང་རིམ་ལ་རྫུན་བཤད་པར་བརྟེན། མི་མང་གིས་དྲང་བདེན་མ་ཡིན་པ་དང་། བོད་མི་གིས་བསམ་འདུན་དང་རྒྱབ་འགལ་ཡིན་པའི་ངོ་རྒོལ་གྱི་འབོད་སྒྲ་བསྒྲགས་ཡོད་འདུག

གྲྭ་ཆོས་རྒྱ་མཚོས་འགྲེལ་བརྗོད་གནང་བ་ལྟར་ན། དཀར་ཡུལ་ཚོ་ནི་སྔོན་ཆད་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཆོད་གཞིས་དང་། རྡོ་དཀར་མཆོད་རྟེན་ཤར་དགའ་ལྡན་བཀྲ་ཤིས་རབ་རྒྱས་གླིང་ངམ་ཡང་ན༼རྡོ་དཀར་དགོན༽འབྲས་འབུལ་སྡུད་པ་བོད་པ་ཆོས་རྗེས་ཕྱག་བཏབ་པ་ཞིག་རེད། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་སྐྱབས་མཆོག་འཇིགས་མེད་དབང་བོའི་སྐུ་རིང་ནས་བླ་བྲང་བཀྲ་ཤིས་འཁྱིལ་བའི་ལྷ་སྡེའི་ནང་མར་གྱུར་ཡོད་འདུག

ད་ལྟ་རྒྱ་གཞུང་གིས་ས་ཆ་བཅད་བགོས་ལྟར་ན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར། སྣ་བུག་ཡུལ་ཚོ། རྡོ་དཀར་རུ་ཆེན་ཞེས་བརྗོད་གྱི་ཡོད་པ་རེད།

མོན་གྷོ་གསར་འགོད་པས།