༄༅།།རིགས་མཐུན་ཆོས་གྲོགས་འགའ་ཞིག་ལ་ཕུལ་།

ལོ་དགུ་སངས་རྒྱས་བསྟན་པའི་གཞུང་ལུགས་ལ་སྦྱངས་ཏེ་།
སློབ་པ་མཐའ་རུ་སོང་བའི་མཚན་སྐམ་དེ་འཁྱེར་ནས་།
འགྲོ་ལུགས་བསྡོད་ལུགས་མཐོ་བའི་ངང་ཚུལ་དེ་བཟུང་བཞིན་།
ཨ་སྒོར་ལྗང་ཁུའི་རྗེས་སུ་ཁྱི་སྨྱྱོན་བཞིན་ཤོར་སོང་།


རྩ་བའི་བླ་མ་བཟང་པོའི་སྐུ་དྲིན་དེ་མ་དྲན་།
ཤུལ་ལུས་སློབ་བུའི་ཚོགས་ཀྱི་ལས་དབང་དེ་མ་དྲེན་།
ཁྱད་པར་སངས་རྒྱས་བསྟན་པར་ཞབས་ཞུ་དེ་མ་དྲན་།

བྱ་ཕྲུག་ཤོགས་ཟུང་རྒྱས་འདྲ་ཕྱི་གླིང་དུ་འཕུར་སོང་།

རང་སེམས་དུགས་གསུམ་ཕུང་པོ་བཅོམ་རྒྱུ་དེ་མ་དྲན་།
སྒོམས་པས་མྱང་འདས་ས་ལ་འགྲོ་རྒྱུ་དེ་མ་དྲན་།
དམ་ཆོས་སྒོར་མོ་སྒྲུབ་པའི་མཁོ་ཆས་སུ་བསྒོམས་པ་།
ལས་དང་རྒྱུ་འབྲས་འདོད་པའི་ཆོས་པ་ཡི་ལུགས་མིན་།