དེ་རིང་གི་གཟའ་ལྷག་པ།
དེ་རིང་གི་གཟའ་ལྷག་པ།
དེ་རིང་ནི་རྒྱུན་ལྡན་གྱི་བདུན་ཕྲག་གཅིག་གི་རིམ་པ་བཞི་བ་མའམ་གཟའ་ཆེན་པོ་ལྷག་པའི་ཉིན་མོ་དེ་ཡིན་ལ། དེ་ནི་བོད་པ་ཚོ་ལ་མཚོན་ལ་དམིགས་བསལ་གྱི་ཉིན་མོ་ཞིག་ཏུ་བརྩི་བཞིན་ཡོད་པས། རྒྱུ་ཡོད་རྒྱུ་མེད་ཀུན་གྱིས་རིན་ཐང་ཡོད་མེད་ལ་མ་ལྟོས་པར་བོད་གོས་དང་བོད་ཟས་ལ་རོལ་སྲོལ་ཡོད། འོན་ཀྱང་ང་ལ་མཚོན་ན་ཉིན་འདིར་དམིགས་བསལ་གྱིས་གྱོན་གོས་གསར་བ་གོན་རྒྱུ་མེད་ལ། བོད་པ་རང་གི་ཁྱད་ཆོས་ལྡན་པའི་ཟས་རིགས་ཤིག་བཟའ་རྒྱུ་ལྟ་ཞོག་ཐ་ན་ཡར་ལྷ་ཚོགས་ལ་ཡང་མཆོད་རྒྱུ་མེད། ཉེ་སྔོན་ཉིན་འདིར་ངའི་མིག་ལམ་ལ་འཚེར་བའི་བོད་ལ་ཅན་པོ་དང་། བོད་ཟས་ཅན་པོ། བོད་སྐད་ཅན་པོ་གང་མང་མང་ཞིག་རིག་རྒྱུ་དང་གོ་རྒྱུ་བདོག་མོད། འོན་ཀྱང་ཁ་སང་དང་དེ་རིང་ནས་ངའི་མིག་ལམ་ན་ཇེ་ཉུང་དང་ཇེ་དཀོན་དུ་གྱུར་འདུག། ཅིག་བྱས་᪄་དགུན་དུས་ཀྱི་ཁ་བ་འབབ་གྲབས་ᨕ᩶་པས་ཁྱོད་ལ་རྒྱ་ལྷམ་དང་རྒྱ་གོས་ལས་མི་འཕྲོད་པ་ཡིན་སྲིད་ལ། ཅིག་བྱས་ན་དབྱར་དུས་ཀྱི་དགའ་མ་བཞུད་ཟིན་པས་ཁྱོད་ཀྱིས་མེ་ཏོག་དང་ལྷན་དུ་བསྐྱུར་ཟིན་ན་ཐང་།
ཡིན་ཡང་གཟའ་ལྷག་པ་ནི་གཟའ་ལྷག་པ་རང་ཡིན་པས་རྟག་ཏུ་དང་རྒྱུན་དུ་ཁྱོད་ཀྱི་རྣ་བར་སྟར་ཏེ་མིག་སྔར་བཤམས་ཡོད་པ་མ་ཟད། ཤ་ཉེ་མང་མང་ཞིག་ཀྱང་བོད་གོས་᩶ᩏ་ལྷན་དུ། བོད་སྐད་དང་ལྷན་དུ། བོད་ཟས་དང་ལྷན་དུ། དུས་ཚིགས་འདིའི་སྣེ་ལ་འཇུས་ཏེ་ཐག་རིང་ཐག་རིང་ཞིག་ཏུ་བུད་སོང་བ་མ་ཡིན་ནམ། དོན་དངོས་ཁྱོས་བོད་གོས་མ་གྱོན་རུང་། བོད་སྐད་མ་བཤད་རུང་། བོད་ཟས་མ་ཟོས་རུང་། ཁྱོད་ལ་སུས་ཀྱང་བཀའ་རྒྱ་གཏོང་སྟེ་ཚ་མོ་ན་མོ་ཅན་གྱི་ལྕག་ཚན་གྱིས་གཞུས་མི་ཡོང་བ་མ་ཟད། སུས་ཀྱང་ཁྱོད་གུ་ཡངས་དང་ཚེ་ཐར་ལ་གཏོང་འཇོག་མོད། འོན་ཀྱང་གཡོ་ཟུར་མེད་པའི་བདེན་པའམ། ཀྱ་ཀྱོག་མེད་པའི་གནས་ལུགས་ཀྱིས་ནམ་ཡང་ཁྱོད་གུ་ཡངས་ལ་གཏོང་མི་སྲིད། རྒྱུ་མཚན་ཁྱོད་སྔར་གྱི་དམ་བཅའ་དང་འགལ་བའི་ཕྱིར་དང་། སྤོབས་པ་དང་འགལ་བའི་ཕྱིར་དང་། ད་དུང་ལས་འབྲས་དང་འགལ་བའི་ཕྱིར་ནའོ།
ᩡᨓ་སྔོན་ཁྱོད་ཚོས་བོད་གོས་དགོས་རབས་དང་། བོད་སྐད་དགོས་རབས། བོད་ཟས་དགོས་རབས་ཀྱི་བསམ་འཆར་བཏོན་ཏེ་འུ་ཚང་གི་ཁང་སྟེང་ལ་འཚོགས་འདུ་ཐེངས་མང་བསྐངས། དེ་དུས་ཁྱོད་དང་ཁྱོད་འདྲ་བའི་སྟག་རྒོད་རྐྱང་རྐྱང་གིས་ཁ་བདེ་བེད་དང་ལྕེ་རྣོ་རྣོ་བྱས་ཏེ་བཤད་སོང་ལ། ང་ལ་ཡང་ཁ་གྲག་གི་མི་འདུག་པ་འདི་ཅི་རེད་ཅེས་ངོ་གཉེར་གཉེར་ཡང་བྱས་སོང་། ངོ་མ་དེ་དུས་ཁྱེད་ཚོ་ནི་སེམས་ཤུགས་ཅན་དང་། ལྷག་བསམ་ཅན། སྙིང་སྟོབས་ཅན། ལ་ཞེན་ཅན་རྐྱང་རྐྱང་རེད་དྲན་སོང་ལ། ཕྱིས་སུ་འུ་ཚང་གི་ཡིག་ཚང་གིས་ཁྱེད་ཚོའི་ཆོད་སེམས་ལ་བསྟོད་གླུའི་དབུགས་དབྱུང་བསྩལ་ཏེ་མི་རེ་རེ་ལ་འབུ་རས་དཀར་པོའི་ནང་གོས་རེ་རེ་བཟོ་ཐུབ་པའི་གྲུབ་འབྲས་ཐོན།
ཞོགས་གེ་དེར་ཁྱེད་ཚོ་ཚང་མ་དཀར་སངས་སངས་ཀྱིས་ངའི་མིག་སྔར་དུ་བསྟར་དུས། ངའི་མིག་ལམ་གྱི་འོད་མདངས་ཡོངས་རྫོགས་ཁྱེད་ཚོས་འཕྲོག་ལ་ཁད་བྱས། རེད་དེ་སྐར་ཆུང་ལ་སྐར་ཆེན་མཐུད། སྐར་ཆེན་ལ་ཆུ་ཚོད་མཐུད། ཆུ་ཚོད་ལ་ཉིན་ཞག་མཐུད། ཉིན་ཞག་ལ་བདུན་ཕྲག་མཐུད། བདུན་ཕྲག་ལ་ཟླ་བ་མཐུད། ཟླ་བ་ལ་ལོ་མཐུད་དེ་རིམ་པ་བསྟར་ལ་བརྒྱུས་ཏེ་ཁ་སང་དང་དེ་རིང་ལ་ཐུག་དུས། ཁྱེད་ཚོ། ལ་ལ་དཀར་པོ་ནས་ནག་པོར་གྱུར་འདུག་ལ། ལ་ལ་དཀར་པོ་ནས་ལྗང་ཁུརུ་གྱུར་འདུག། ། ལ་ལ་དཀར་པོ་ནས་དཀར་པོར་ཡང་གྱུར་འདུག།།