སྤྱི་དམངས་ཀྱིས་མི་སྟོན་པ་།
ངས་འདི་ནས་སྤྱི་དམངས་ཀྱིས་མི་སྟོན་པ་ཞིས་པའི་སྐད་ཆ་འདི་བཤོད་པར་སྤོབས་པ་གང་ཡང་མེད་ན་ཡང་འདིས་བོད་མི་རིགས་ལ་ཕན་པའི་ཡིད་མཆེད་དང་རེ་བས་སེམས་པ་ཁེངས་སོང་། གྲོགས་པོ་ཚོས་ཚིག་འདི་ཡི་དོན་ཞིབ་རྒྱས་ཤེས་མཁན་དེ་འདྲ་ཡོད་ན་ངེས་པར་དུ་དགོངས་འཆར་རེ་གསུང་རོགས་གནང་། གང་ཡིན་ཟེར་ན་ངས་འདི་ལ་བསམ་ནས་འདི་ཉམས་ལེན་བྱེད་འདོད་ཧ་ཅང་ཆེ་པོ་ཡོད་པས་ཡིན་།
འདིས་བོད་མི་རིགས་ལ་ཕན་པ་ཡོད་མེད་དང་ལྟ་བ་འདི་ལ་ངོས་འཛིན་བྱེད་ཚུལ་གང་འདྲ་ཡིན་མིན་གསུང་རོགས་གནང་།
ངས་ད་བར་བོད་མི་རིགས་ལ་ཕན་པའི་ཐབས་ཇུས་འདི་ཙམ་ལས་གཞན་གང་ཡང་མཐོང་མ་སོང་།
རང་གཞུང་ལྟབུ་ལ་མཚོན་ན་ཡང་ཡོད་ཚད་རྒྱ་ནག་གཞུང་ལ་བཅོལ་བའི་ལངས་ཕྱོགས་ཞིག་བཟུང་ནས་ཡོད་པ་རེད་།
དེ་མ་ཡིན་པའི་ཚོགས་པ་ཁག་ལ་ཡང་རང་གི་ལངས་ཕྱོགས་བརྟན་པོ་དང་།
ལངས་ཕྱོགས་དེ་ལ་བརྟེན་ནས་དོན་དངོས་ཀྱི་འབྲས་བུ་ཞིག་ཡོང་ངེས་པའི་ཡིད་མཆེད་སུ་ལ་ཡང་ཡོད་པ་མ་རེད་།
མདོར་ན་ཡོད་ཚད་ནས་ཡོད་ཚད་རེ་བ་ཁོ་ན་ལ་བཅོལ་ནས་ཡོད་པ་རེད་།
བྱས་ཙང་ཚང་མས་ངེས་པར་དུ་དགོངས་འཆར་རེ་གསུང་རོགས་གནང་།
བཀའ་དྲིན་ཆེ་།།
དག་ནོར་འདྲ་འདུག་ན་དགོངས་དག་ཞུ་།