ནག་ཆུ་ཁུལ་དུ་འཁྲུག་ཟིང་དང་སྐད་འབོད།

དེར་ཡོད་པའི་བོད་མི་རྣམས་ཀྱིས་ཞུ་བ་ཕུལ་ཡང་མ་ཉན་པ་དང༌། སྐབས་དེར་བོད་མི་མང་དུ་འགྲོ་བཞིན་པ་མཐོང་བས་རྒྱ་དཔོན་དེས་ཉེན་རྟོག་པར་ཁ་པར་བཏང་ནས་ཉེན་རྟོག་པ་མང་པོ་འབྱོར་ནས་བོད་མི་རྣམས་ཀྱི་མཐའ་བསྐོར་ནས་བསྡད་པའི་སྐབས་སུ། བོད་མི་ཞིག་གིས་རྒྱ་མི་ཕྱིར་ལོག་དགོས། བོད་ས་བོད་མི་ལ་རྩིས་སྤྲོད་དགོས། ྋརྒྱལ་བ་རིན་པོ་ཆེ་ཕྱིར་ཕེབས་སུ་འཇུག་དགོས་ཞེས་པའི་འབོད་ཚིག་བསྒྲགས་པས། བོད་མི་གཞན་ཚོས་ཀྱང་དེའི་རྗེས་སུ་འབྲངས་ནས་འུ་ཐུག་ཐབས་ཟད་ཀྱིས་ཉེན་རྟོག་པའི་རླངས་འཁོར་འགའ་ཤས་མེར་བསྲེག་བཏང་ཡོད་འདུག ཉེན་རྟོག་པས་ཡ་ང་སྙིང་རྗེ་མེད་པར་མེ་མདའ་བརྒྱབ་ནས་ཉུང་མཐར་བོད་མི་གསུམ་ལ་རྨས་སྐྱོན་བཟོས་པ་མ་ཟད། བོད་མི་བཅུ་བདུན་ཙམ་འཛིན་བཟུང་བྱས་ཡོད་འདུག འོན་ཀྱང་རྒྱ་གཞུང་གིས་གནས་ཚུལ་དེའི་སྐོར་མང་ཚོགས་ཀྱིས་ཤེས་སུ་མི་འཇུག་རྒྱུའི་བཀའ་རྒྱ་བཏང་ནས་གསང་བ་བྱེད་བཞིན་ཡོད་འདུག ད་སྐབས་བོད་མི་དེ་རྣམས་གང་དུ་ཁྲིད་ཡོད་མེད་སོགས་གནས་ཚུལ་ཞིབ་ཕྲ་གསལ་པོ་མེད་པ་རེད།།