བཟོད་མེད་ཀྱི་ཚོར་རླབས།

ཨེ་མ་ས་འཛིན་དཀར་པོའི་ལྟོ་བ་རུ་གཟིགས་དང་ཅི་འདྲའི་ཆ་མི་སྙོམ་པའི་གོ་ལ་ཟླུམ་པོ་ཞིག་ལ་ཨང་ ། དེ་འདྲའི་ཉམ་ང་བའི་ཁོར་ཡུག་ཞིག་ཏུ་འགྲིམ་དགོས་པ་ནི་ཟློག་མེད་ཀྱི་ལས་དབང་ཞིག་གིས་བཀོད་པ་ལོས་ཡིན།་ ཁོ་ མོར་མཚོན་ན་སློབ་མཐར་གྱི་ལས་མཚམས་སུ་འདས་པའི་ལོ་རབས་ནང་བསམ་བློ་སྐད་ཅིག་ཙམ་ཡང་འཁོར་མ་མྱོང་བའི་ལས་སྐལ་ཞིག་སྒྲ་འཛིན་གྱི་བུ་གར་ཐོས་དུས་གཡང་ས་ཆུ་རོང་ དུ་ལྷུང་བའི་ཚོར་རླབས་ཤིག་དབང་མེད་གཡོ་། དེ་ནས་བཟུང་ཁོ་མོ་བསམ་མེད་ལམ་བུ་གཞན་ཞིག་ཏུ་ཁ་ཕྱོགས་བསྒྱུར་འགོ་རྩོམ། དེ་ནས་ ཚེ་གང་གཞན་ལ་བསྟེན་ཏེ་འཚོ་སྡོད་དགོས་པའི་ཉམ་ཐག་པའི་སློབ་བུ་ཚོ་ལ་ཅི་འདྲའི་ འདྲིས་གཤིབ་བྱ་དགོས་སྙམ་སྟེ་དངངས་འཚབ་ཞིག་དབང་མེད་དུ་ཐལ། ཐོག་མར་ལས་སྒོར་འཇུག་དུས་སྔར་གྱི་འཆར་སྣང་ལས་ཟློག་ཏེ་ཞི་ཞིང་ལྷིང་འཇགས་པས་ང་ཡི་བསམ་བློ་ཞི་ལྷོད་ཞིག་ཏུ་གྱུར།ལ་ལ་ནི་ལོའི་ན་ཚོད་ཟིན་ཡང་བསམ་བློའི་འཁྱེར་ཕྱོགས་དང་ཀུན་སྤྱོད་ནི་ཀླད་མེད་ཀྱི་བྱི་ཆུང་ཞིག་དང་གཉིས་སུ་མ་མཆིས། དེ་འདྲའི་ཉམ་ཐག་ཅིང་ཡ་ང་བ་ཞིག་འདྲེན་བྱེད་དབང་པོའི་ཡུལ་དུ་གྱུར་ཚེ་ངའི་སེམས་ཁོངས་ན་གྲང་ཤུར་ཤུར་ཞིག་ཏུ་གྱུར་ ཕྱི་ལོ་༢༠༡༢ ༡༠ ༢༢ ཉིན་ཕུལ།