ཅི་ཞིག་བྱེད་དགོས་སམ།

ད་དེ་རིང་ཁ་སང་ང་ཚོས་ཅི་ཞིག་བྱེད་ཐུབ་ན་ལེགས་སམ། མ་རྩ་བོད་མི་ཉུང་ཤས་ལས་མེད་པས། དེ་ཡང་རེ་རེ་བཞིན་རྒྱང་རིང་ལ་ཕེབས་སྟངས་ལ་བལྟས་ན།
ནམ་ཉི་མ་ཞིག་ལ་ང་ཚོས་ཅི་བྱེད་དགོས་སམ། ཡབ་མེས་ཚོས་བཙན་སྟོབས་ཀྱིས་བཞེངས་པའི་ཕ་ས་སྣུམ་མོ་འདི། མདང་དེ་རིང་ཁ་སང་འཆི་ལ་ཁད་དུ་གྱུར་ཚུལ་ལ་བལྟས་ན།
བོད་པ་ཚོ། ཁྱོད་ཚོའི་མི་སེམས་ངོ་མ་དེ་ཤི་མེད་ན། ད་གཅིག་བྱེད་རན་མི་འདུག་གམ། མཚན་མོ་རེ་རེར་ཉལ་ནའང་བདེ་བོ་མི་འདུག་ལ། ཉིན་མོ་རེ་རེར་ཟ་ནའང་བྲོ་བ་ཟེར་ཅང་མི་འདུག་པས། སེམས་བསམ་པའི་ལས་དོན་ངོ་མ་ཞིག་ང་ཚོ་མཉམ་གཅིག་ཏུ་བྱེད་ཐུབ་ན། བདེན་དོན་གྱི་ལོ་རྒྱུས་ཀྱི་ཆེད་དུ།་་་་་་་་་་་་་་