བརྒྱུད་རིམ་མེད་པའི་རྡ་སའི་འཆལ་གཏམ

དེ་རིང་་དགོང་མོ་རྡ་ས་མེ་རྒན་འགྲུལ་འཁོར་འབབ་ཚུགས་ནས་མར་ཡོང་སྐབས་གཞོག་གཡོན་ཕྱོགས་སུ་རྒྱ་གར་བའི་ཙག་ཙིག་ཚོང་ཁང་ཞིག་དུ་འཁྲུས་ཆས་ཉོ་རུ་ཕྱིན་པ་ཡིན།

འོན་ཀྱང་རང་ཉིད་ལ་དགོས་གལ་ཅ་དངོས་མ་རག་ཏེ་མར་ཕྱི་ལ་དོན་ཏེ་ཡོང་བའི་སྐབས་ལམ་གཡས་ཕྱོགས་ནས་བོད་མི་གཉིས་ནས་ཁྱོད་རང་ཚོང་ཁང་དེ་ཕྱིན་པས་ཁྱོད་རང་ད་ལན་ཐེངས་དང་པོ་རེད་རྗེས་སུ་འགྲོ་ཆོག་གིས་མ་རེད་དང་།གལ་ཏེ་ཁྱོད་རང་རྗེས་མ་དེ་ཕྱིན་ན་ངོ་རྒོལ་བྱེད་ངེས་རེད། དེ་སྔོནརྡ་སའི་་ས་གནས་མགོ་འཛིན་མཆོག་གིས་ཚོང་ཁང་འདི་བའི་ནང་དུ་བོད་མི་སུ་ཡང་འགྲོ་མི་ཆོག་རྒྱུའི་གསལ་བསྒྲགས་གང་སར་སྦྱར་བ་རེད་ཟེར་གྱི་འདུག   དེ་བདེན་ན་རྡ་སའི་ས་གནས་འགོ་འཛིན་གྱི་བྱེད་ལས་འདི་བོད་སྤྱི་པའི་འགན་འཁུར་ཡང་དག་ཞིག་ཡིན་མིན་ལ་དོགས་གཞི་རེད། གང་ཡིན་ཟེར་ན་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་ཡུལ་མི་དང་མཐུན་ལམ་། ཡུལ་ཁྲིམས་ལ་སྲུང་བསྐྱོབས་དགོས་པ་ཡང་ནས་ཡང་དུ་གསུང་གི་ཡོད་པས་སོ། ང་ཚོས་ང་ཚོའི་གནས་ཚང་ལ་འདི་འདྲའི་རྣམ་འགྱུར་ཞིག་སྟོན་གྱིན་བསྡད་པ་ཡིན་ན་ཡུལ་མི་དང་བོད་པའི་བར་ལ་དཀྲུགས་གཞི་ཞིག་ཆགས་པ་མ་རེད་དམ།།

བོད་དོན་བག་ཡོད།།