༄༅།།སླར་ཡང་ཕྱིར་མིག་ལྟས་པ་།

སྟོང་ལོ་བརྒྱད་པའི་དུས་ཀྱི་དཀྱིལ་ཙམ་ནས་།།
སྒང་པ་བོད་ཀྱིས་རྒྱ་ལ་ཡང་ཡང་རྒོལ་།།
ཕ་ས་གྲོ་མོའི་མགོ་འཇུག་བར་གསུམ་ནས་།།
སྤུན་ཟླ་ཙེ་ལས་འདས་པ་ཉུང་ཉུང་མིན་།།

དེང་གི་དུས་སུ་མདོ་སྨད་སྤུན་ཟླ་ཚོས་།།
རང་སྲོག་དམར་པོ་མེ་ལ་བསྲེགས་མཛད་དེ་།།
གངས་རིའི་་དོན་དུ་ཡོད་ཚད་བློས་གཏོང་མཁན་།།
ད་ལྟ་ཉུང་ཉུང་མི་པར་ཧ་ཅང་མང་།།
སློབ་ལ་བརྩོན་པའི་སློབ་ཕྲུག་དུ་མ་དང་།།
དགོན་པའི་ནང་གི་གྲྭ་བརྩུན་མང་པོ་ཡིས་།།
བོད་ལ་བདེ་ཕྱིར་དམར་པོ་རྒྱ་ལ་རྒོལ་།།
རྒོལ་མཁན་ཉུང་ཉུང་མིན་པར་ཁྲི་ཕྲག་འགལ་།།
ཤུལ་དུ་ལུས་པའི་དགོན་པ་སྟོང་པ་དང་།།
ཕ་མ་བྲལ་བའི་དྭ་ཕྲུག་ཉམས་དག་དང་།།
ཁྱོ་བོ་བྲལ་བའི་བུ་མེད་ཁེར་རྐྱང་སོགས་།།
ཉུང་ཉུང་མིན་ཏེ་རྒྱ་ཕྲག་དུ་མ་ཡོད་།།
བདེན་པའི་དོན་དུ་ཞི་བའི་སྐད་འབོད་བྱས་།།
ཁྱིམ་ཚང་བོར་ཏེ་དམར་པོ་བརྒྱ་ཡིས་བཟུང་།།
མུན་ནག་ནང་དུ་མནར་གཅོད་མྱོང་མཁན་དག་།།
ད་ལྟ་ཉུང་ཉུང་མིན་ཏེ་སྟོང་ཚོ་འགལ་།།
གྲྭ་པ་ཡིན་ཡང་དགོན་པར་གནས་མི་ཆོག་།།
ལོ་ཆུང་ཡིན་ཡང་སློབ་གྲྭར་འགྲོ་མི་ཆོག་།།
བོད་པ་ཡིན་ཡང་བོད་ལ་ལོགས་མི་ཆོག་།།
ད་ལྟ་ཉུང་ཉུང་མིན་ཏེ་ཁྲི་ཕྲག་འགལ་།།
སེམས་ལ་བསམ་པ་ཁ་ནས་བཤད་དབང་མེད་།།
རང་གི་སྐད་ཡིག་རང་གིས་སྦྱོང་དབང་མེད་།།
རང་གི་བླ་མ་རང་གིས་རྟེན་དབང་མེད་།།
ཅི་བྱེད་འདི་བྱེད་མེད་པར་ཤི་མཁན་མང་།།
རང་གི་ལུང་པར་གང་འགྲོ་རང་དབང་མེད་།།
རང་གི་བྱ་བ་གང་བྱས་རང་དབང་མེད་།།
རང་གི་ལག་པས་གང་འབྲི་རང་དབང་མེད་།།
རང་སར་གནས་ཐབས་བྲལ་ཏེ་བྲོས་མཁན་མང་།།
དེང་གི་དུས་སུའང་ཁྲིམས་ལུགས་དེ་འདྲ་སྣང་།།
བཙན་གནོན་དབང་གིས་རང་ཉིད་གཞན་ལ་དབང་།།
དེ་འདྲའི་དུ་སུ་སྐྱབས་གནས་ལྷ་སྲུང་སོགས་།།
དྲི་མ་ཙམ་ཡང་གངས་་ཅན་བོད་ནས་སྟོང་།།
ཅེས་པ་འདི་ནི་སྤྱི་ལོ་༢༠༡༢ཟླ་བ་༡༡ཚེས་༡༣ཉིན་སྟག་ཚང་རིག་རྒོད་ཀྱིས་གཞན་ཡུལ་ས་མཐའ་ནས་བྲིས་།།