ཧུ་ཅིན་ཐའོ་ཡི་ལོ་རབས་མཇུག་བསྡུས་སོང་།

 

རྒྱ་ནག་གི་སྲིད་འཛིན་གསར་པ་ཞི་ཅིན་ཕིང་ཆགས་གཏན་འཁེལ་བ་དང། ཁོའི་ལས་རོགས་སོགས་ཆབ་སྲིད་ཀྱི་ལྟ་བ་མཁྲེགས་འཛིན་ཅན་ཤ་སྟག་སླེབས་ཡོད་པར་བརྟེན། ཆབ་སྲིད་ཐད་འགྱུར་ལྡོག་གཏོང་རྒྱུ་ནི་ཤིན་ཏུ་བརྗོད་དཀའ་བ་ཞིག་ཆགས་ཡོད།  ད་དུང་ལོ་ན་ ༨༦ ལ་སོན་པའི་ཅང་ཙེ་མིན་གྱི་ཤུགས་རྐྱེན་དེ་། གསར་བསྐོ་བྱས་པའི་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་མི་བདུན་གྱི་ཁྲོད་དུ་ད་དུང་ཡང་ལྷག་ངེས་ཡིན། གང་ཡིན་ཟེར་ན། རྒྱུན་ལས་ནང་གི་མི་ ༤ ཅང་ཙེ་མིན་གྱི་ཕྱོགས་གཏོགས་ཡིན་པ་དང་། བརྗེ་མ་ཐག་པའི་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་ཕྱོགས་གཏོགས་- Li Yuanchao, Liu Yuandong and Wang Yang – ལིའུ་ཡུན་ཧྲན། ལིའུ་ཡན་ཏུང་། ཧོང་ཡང་བཅས་རྒྱུན་ལས་སུ་བསྐོ་གཞག་ཐུབ་མེད་པས། ཧུ་ཡི་ཤུགས་རྐྱེན་རྒྱུན་ལས་སུ་དེ་ཙམ་ཡོང་མི་སྲིད་ཅེས། པེ་ཅིང་དུ་ཡོད་པའི་BBC གསར་འགོད་པ་ Raymond གིས་དཔྱད་བརྗོད་སྤེལ་འདུག་་་་་།

དཔྱད་བརྗོད་དེའི་ནང་། ཆེས་མཐོའི་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་བདུན་ནི། ཞི་ཅིན་ཕིང་སྲིད་འཛིན་དང་ལི་ཁེ་བྱང་སྲིད་བློན། དེ་བཞིན་ཀྲང་ཏེ་ཅང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀོ་སླིད་བཅས་ཡིན་པ་དང་། རྒྱ་ནག་གི་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་གསར་པ་ཚོ་ <New Politburo Standing Committee > ཞི་ཅིན་ཕིང་གིས་མི་མང་ཚོགས་ཁང་ཆེན་མོའི་སྡིངས་ཆའི་ཐོག་སྣེ་འཁྲིད་བྱས་ཏེ་བརྗོད་དོན། “ལྐོག་ཟ་རུལ་སུངས་ཀྱི་དཀའ་རྙོག་སེལ་བའི་གནད་དོན་འཚོལ་ཞིབ་བྱེད་རྒྱུ་དང་། འགོ་འཁྲིད་གསར་པ་ཚོས། མི་མང་དང་ལོ་རྒྱུས་གཉིས་ཀའི་རེ་འདུན་མངོན་འགྱུར་ཡོང་བར་སྲི་ཞུ་བསྒྲུབ་རྒྱུ་ཡིན་”ཞེས་གཏམ་བཤད་སྤེལ། ཧུ་ཅིན་ཐའོ་སྐབས་ཀྱི་རྒྱུན་ལས་མི་དགུ་ནི། ཧུ་ཅིན་ཐའོ་དང་། ཧུ་པང་གོ ཝུན་ཅཱ་བའོ། ཅཱ་ཆིང་ལིང་། ཀྲའུ་ཡུང་ཁང། ལི་ཁྲང་ཁྲུན། ཧོ་གོ་བྱང་། ཞི་ཅིན་ཕིང་། ལི་ཁོ་བྱང་བཅས་ཡིན་ཞིང་དེ་དག་མང་པོ་ཞིག་རྒས་ཡོལ་སོང་བ་དང་། ད་ཐེངས་མི་གཉིས་ཉུང་དུ་བཏང་ནས་རྒྱུན་ལས་མི་གྲངས་ ༧ གཏན་འབེབས་བྱས་ཡོད།

ལོ་རྗེས་མའི་ཟླ་ ༣ ནང་ལོ་འཁོར་གྲོས་ཚོགས་ལྷན་ཚོགས་སྐབས། ཞི་ཅིན་ཕིང་གི་དམག་དོན་གོ་གནས་སོགས་རིམ་གྱིས་བླངས་ནས་སྲིད་འཛིན་གྱི་གོ་གནས་ཆ་ཚང་བ་འཛིན་དགོས་པ་དང་། ཡིན་ནའང་ད་ཐེངས་ཏང་གི་ཚོགས་ཆེན་ ༡༨ སྐབས་ཀྱི་གཏམ་བཤད་ནང་གནད་དོན་འགའ་བརྗོད་ཡོད་པ་སྟེ། ཞི་ཅིན་ཕིང་གིས་དབུགས་ཅུང་ཟད་ཧད་བཞིན་དུ།  “རྒྱ་ནག་མི་མང་གི་འཚོ་བ་ཡག་པོ་ཞིག་སྐྱེལ་འདོད་ཆེན་པོ་ཡོད་པ་དེའི་ཆེད་དུ་ང་ཚོས་འཐབ་རྩོད་བྱེད་ཀྱི་ཡོད་པ་དང་། གཞུང་གིས་གནད་དོན་རྙོག་འཛིང་ཅན་མང་པོ་ཞིག་ལ་གདོང་ལེན་བྱེད་བཞིན་ཡོད་པའི་ཁྲོད་ནས།  མང་པོ་ཞིག་གཞུང་འཛིན་པ་རང་ཉིད་ནང་ཡོང་གི་ཡོད་པ་དེ་དག་སེལ་དགོས། དམིགས་སུ་བཀར་ནས་ལྐོག་ཟ་རུལ་སུངས། དོན་ཆུང་ཞིག་གིས་མི་མང་ཁ་བྲལ་གཏོང་བའི་བྱ་སྤྱོད། གཞུང་གི་གོ་གནས་ཅན་མི་འགའ་རེས་དཔོན་པོ་སྲིད་གཞུང་ཅན་གྱི་དཀའ་ངན་གྱི་རྐྱེན་རྩ་སློང་བཞིན་པ་རྣམས་ཆགས་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ་ཕྱོགས་ཡོངས་ནས་འབད་བརྩོན་གྱིས་དཀའ་ངལ་དེ་དག་སེལ་གྱི་ཡིན་ལ། ཏང་གི་ཚོགས་པས་གནད་དོན་དེ་དག་ལ་ག་དུས་ཡིན་ཡང་གདོང་ལེན་བྱེད་ནས་གནས་ཀྱི་རེད་”ཅེས་གཏམ་བཤད་སྤེལ།

ཧུ་ཅིན་ཐའོ་ཡིས། འདས་པའི་ལོ་བཅུའི་རིང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཆེན་པོ་བཏང་ཡོད་པ་དང་། རྒྱ་ནག་གི་ཕྱི་སྲིད་ཀྱི་གནད་དོན་ཐད་ལའང་འབྲེལ་ལམ་ཆེན་པོ་བཙུགས་ཡོད། ཞི་ཅིན་ཕིང་གི་གཏམ་བཤད་ཀྱི་ངོ་གདོང་ལ་བལྟས་ན། ལྐོག་ཟ་རུལ་སུངས་ཀྱི་ཐད་ལ་ནམ་ཡང་བཟོད་སྒོམ་བྱེད་མི་ཐུབ་པའི་རྣམ་པ་ཐོན་པ་དང་། དམག་ཕྱོགས་ཚོགས་པའི་ཚོང་ལས་ཡར་རྒྱས་བཏང་སྟེ། སྤྱི་ཚོགས་འཆམ་མཐུན་དང་ལྷིང་འཇག། གཏན་བརླིང་ཡོངས་རྫོགས་འབྱུང་ཐབས་སུ་ཡིད་ཆེས་ཡོད་པའི་རྣམ་འགྱུར་འདུག་ཟེར། ནུབ་ཕྱོགས་རྒྱལ་ཁབ་དང་རྒྱ་ནག་ནང་ཁུལ་གྱི་ཤེས་ཡོན་ཅན་ཚོས། རྒྱ་ནག་གི་དཔོན་རིགས་ཚོ་བརྗེ་སྒྱུར་དང་བསྟུན་ནས་ཆབ་སྲིད་ཐད་ལ་གུ་ཡང་དང་། བྱུང་ན་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་། ཕྲུ་གུ་སྐྱེས་འཕེལ་སོགས་ལ་རང་དབང་ཆེ་ཙམ་བྱུང་ན། དེ་ནས་མང་གཙོའི་བསམ་བློ་དེ་དེང་རབས་མང་གཙོའི་ལམ་ལུགས་ཀྱི་ཕྱོགས་སུ་སྣེ་འཁྲིད་བྱེད་པར་རེ་བ་བྱེད་བཞིན་ཡོད་རུང་། ད་ཐེངས་ཞི་ཅིན་ཕིང་གི་རྣམ་འགྱུར་དང་གཏམ་བཤད་ལ་བལྟས་ན། རེ་བ་དང་ཚོད་དཔག་དེ་འབྱུང་འགྱུར་གྱི་ལོ་བཅུའི་ནང་མངོན་དུ་འགྱུར་རྒྱུ་ཤིན་དཀའ་བ་ལྟ་བུ་འདུག་ཅེས་དཔྱད་བརྗོད་པ་ཚོས་བརྗོད།

ཞི་ཅིན་ཕིང་ངོ་སྤྲོད་མདོར་བསྡུས།

ཕྱི་ལོ་ ༡༩༥༣ རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྐྱེས། ཁོའི་ཕ་འདས་པོ་དམར་ཕྱོགས་ཚོགས་པ་བཙུགས་མཁན་གྱི་གྲས་སུ་ཡོད། ཞི་ཅིན་ཕིང་ལོ་ ༡༥ ལ་སོན་ལོ་གྲངས་འགའི་རིང་གྲོང་གསེབ་ཏུ་ལས་དོན་བསྒྲུབ་པར་བཏང་།  དེ་ནས་ Tsinghua University གཙུག་ལག་སློབ་གྲྭ་ནང་རྫས་སྦྱོར་རིག་པའི་ཆེད་ལས་པ་ཐོན་ནས་ཕྱི་ལོ་ ༡༩༨༥ ཨ་རིར་བསྐྱོད། ཕྱི་ལོ ༢༠༠༧ ཧྲང་ཧེ་དམར་ཕྱོགས་ཚོགས་པའི་གཙོ་འཛིན་དང་། ཕྱི་ལོ་  ༢༠༠༨ སྲིད་འཛིན་གཞོན་པ་ཆགས། རྒྱ་ནག་གི་གཞས་མ་དང་འཁྲབ་སྟོན་གཅིག་ལྕོག་བྱེད་མཁན་ཞིག་དང་ཆང་ས་བརྒྱབ་ནས་ད་ལྟ་བུ་མོ་གཅིག་ཡོད།