ཀ་བཤད་ལར་ཞེན་མ།

ཀ་ཁ་ག་ང་བོད་ཀྱི་སྐད་ཡིག་ཡིན།།
ཁ་དོག་དཀར་དམར་བོད་ཀྱི་རིགས་ལམ་ཡིན།།
ག་འུ་ཤན་མ་བོད་ཀྱི་མཚོན་སྲུང་ཡིིན།།
ང་ཚོ་ན་གཞོན་བོད་ཀྱི་སོན་རྩ་ཡིན།།

ཅ་ནེ་རྩམ་ཕོར་བོད་ཀྱི་འཚོ་ཆས་ཡིན།།
ཆ་ཡ་རྩི་སྟངས་བོད་ཀྱི་གྲངས་ཀ་ཡིན།།
ཇ་མར་ཐུ་གསུམ་བོད་ཀྱི་ཟས་རིགས་ཡིན།།
ཉ་ཕག་སྒང་གསུམ་བོད་ཀྱི་སྤང་བྱ་ཡིན།།
ཏཱ་ལའི་བླ་མ་བོད་ཀྱི་དབུ་ཁྲིད་ཡིན།།
ཐ་མག་ཆང་རག་བོད་ཀྱི་འཛེམས་བྱ་ཡིན།།
ད་ཕྲུག་ཉམ་ཐག་བོད་ཀྱི་བསྐྱང་བྱ་ཡིན།།
ན་མོ་གུ་རུ་བོད་ཀྱི་ཆོས་ཚིག་ཡིན།།

པ་ཅོག་རྣ་ལོང་བོད་ཀྱི་རྒྱན་ཆ་ཡིན།།
ཕ་མ་རྣམ་གཉིས་བོད་ཀྱི་བཀུར་བྱ་ཡིན།།
བ་སོ་གཡུ་བྱུར་བོད་ཀྱི་ནང་ནོར་ཡིན།།
མ་གྱུར་སེམས་ཅན་བོད་ཀྱི་ཕ་མ་ཡིན།།

ཙ་རི་གངས་རྒན་བོད་ཀྱི་གནས་ཆེན་ཡིན།།
ཚ་ཇ་འོ་ཞོ་བོད་ཀྱི་བཏུང་བྱ་ཡིན།།
ཛ་རེ་ཛོ་རེ་བོད་ཀྱི་སྨད་བྱ་ཡིན།།
ཝ་ཞྭ་ཚ་རུ་བོད་ཀྱི་གྱོན་བྱ་ཡིན།།

ཞ་མོར་དབུ་ཞྭ་བོད་ཀྱི་ཞེ་ས་ཡིན།།
ཟ་མར་ཁ་ལག་བོད་ཀྱི་བཤད་སྟངས་ཡིན།།
འ་ཅག་ང་ཚོ་བོད་ཚིག་རྣམ་གྲངས་ཡིན།།
ཡ་རབས་ཞེ་ས་བོད་ཀྱི་རིག་གཞུང་ཡིན།།

ར་ལུག་གཡག་གསུམ་བོད་ཀྱི་ཁྱད་ནོར་ཡིན།།
ལ་རྒྱ་ཞེན་ཁོག་བོད་ལ་དགོས་གལ་ཆེ།།
ཤ་ཉེ་སྤུན་མཆེད་བོད་ཀྱི་བརྩེ་བྱ་ཡིན།།
ས་གཞི་ལུང་པ་བོད་ཀྱི་བརྩད་བྱ་ཡིན།།

ཧ་ཧ་ཧོ་ཧོ་བོད་ཀྱི་དགོད་སྟངས་ཡིན།།
ཨ་ཨི་ཨུ་སོགས་བོད་ཀྱི་དབྱངས་ཡིག་ཡིན།།ཧ་ཤང་ལྟ་བ་བོད་ཀྱི་དགག་བྱ་ཡིན།།ཨ་རོག་ཁམས་པ་བོད་ཀྱི་དཔའ་བོ་ཡིན།།ཕྱི་ལོ་2012ཟླ་11ཚེས་16དགོང་མོར།