བསང་ཆུ་རྫོང་འབོ་ར་ནས་རང་ལུས་མེར་སྲེག་གི་ངོ་རྒོལ།

ཟླ་འདིའི་ཚེས་༢ ཉིན་གྱི་ཉིན་གུང་ཙམ་ལ་མདོ་སྨད་བླ་བྲང་བསང་ཆུ་རྫོང་འབོ་ར་དགོན་པའི་འཁྲུས་སུ་ན་གཞོན་གཟུངས་འདུས་སྐྱབས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག

དེ་ཡང་དྷ་སར་གནས་སྡོད་སྐལ་བཟང་ཤེས་རབ་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། བོད་ནང་གི་ཉིན་གུང་ཆུ་ཚོད་གཉིས་པ་ཡས་མས་ཞིག་ལ་མདོ་སྨད་བསང་ཆུ་རྫོང་འབོ་ར་བརྡར་མདོའི་ན་གཞོན་ལོ་༡༧ ཙམ་ཡིན་པའི་གཟུངས་འདུས་སྐྱབས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་ལ་ངོ་རྒོལ་སྐབས་། དེ་མ་རྒྱ་གཞུང་གི་དམག་མིས་བཙན་ཁྲིད་བྱས་ཡོད་འདུག  

སྐབས་དེར་དམག་མི་ཉིས་བརྒྱ་ཙམ་འབྱོར་ཡོད་པ་དང་། ས་གནས་སུ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པས། གནས་ཚུལ་ཁ་གསལ་པོ་རག་ཁག་པོ་ཆགས་ཡོད་པ་རེད།

ཁོང་ནི་བསང་ཆུ་རྫོང་འབོ་ར་ཡུལ་ཚོ། རྡ་རྡོ་ས་གནས་ནས་ཡིན་པ་དང་། ཕ་ཚེ་བྷ་དང་མ་བན་དེ་འཚོ་གཉིས་ཀྱི་བུ་ཡིན་པ་དང་། ཁོང་ལ་ཡང་ཆུང་མ་དང་ཕྲུ་གུ་ལོ་ན་གཉིས་མ་སོན་ཙམ་ཞིག་ཡོད་འདུག