རྒྱ་མོ་འདི་ཡིས་ངུས་སྟངས།

images/idoblog/upload/9816387411/preview/small_aleqm5i-x00ou9bd4vdddyj8fj6ezvnupq_600px.jpgཉེ སྔོན་ཙམ་ལ་ཨ་རིར་བརྟེན་གཞིར་བྱས་པའི་གསར་ཁང་གྲགས་ཅན་མའེ་ལན་ཧྲི་ཞེས་པའི་གསར་ཁང་གིས་རྒྱ་ནག་ཏུ་བཟང་བཙོན་དུ་གནས་པའི་ནོའོ་པེ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ལེའུ་ཞོ་པོའི་བཟའ་ཟླ་ལེའུ་ཞྭར་བཅའ་འདྲིའི་གོ་སྐབས་རག་འདུག  ཉིན་དེའི་ཉིན་དགུང་ཙམ་དུ་ལེའུ་ཞྭར་ཆུ་ཚོད་ཉེར་བཞིས་ལྟ་སྲུང་བྱེད་མཁན་མི་སྣ་དེ་ཚོ་དགུང་ཟས་ཟ་རུ་སོང་བ་འདྲ་བའི་གོ་སྐབས་དང་བསྟུན།  གསར་ཁང་གི་གསར་འགོད་པ་ལེའུ་ཞྭའི་སྡོད་གནས་སུ་འཛུལ་ཐུབ་པ་བྱུང་འདུག   སྐབས་དེར་ལེའུ་ཞྭས་གསར་འགོད་པ་ཁྱིམ་ནང་སླེབས་པར་ཤེས་ཏེ་ཚོར་ཤུགས་རྣོ་པོས་ལུས་ཡོངས་འདར་བཞིན་སྐད་ཤུགས་ཆེན་པོས།༼ཁྱོད་ཚོ་ཇི་ལྟར་ནང་དུ་འཛུལ་ཡོང་བ་ཡིན།༽ཞེས་འབོད་འདུག

ལེའུ་ཞྭ་ཡིས་གསར་འགོད་པར་སྒེར་གྱི་གནས་སྟངས་བཤད་སྐབས་སྐད་མགོ་འདར་བཞིན་བཟོད་མ་ཐུབ་པ་ངུས་ཤོར་འདུག   མོས་རྒྱ་གཞུང་གིས་མོ་རང་བཟང་བཙོན་བཙུད་པ་ནི་ཁྱོ་མེད་པའི་བྱ་བ་ཞིག་ལ་ངོས་འཛིན་དང།  མོ་རང་གིས་དུས་ཡུན་རིང་པོར་སེམས་ཁམས་ཀྱི་གཉའ་གནོན་ལ་གདོང་ལེན་དགོས་ཚུལ།  དེ་བཞིན་མོའི་མྱོང་བྱང་དང་རྒྱ་གཞུང་དཔོན་ཕྱོགས་ནས་ནོའོ་པེ་གཟིངས་རྟགས་གཅིག་མཚུངས་ཐོབ་མཁན་གཞན་ཞིག་སྟེ་མོའོ་ཡན་ལ་ལྟ་སྟངས་ཡག་པོ་འཛིན་ཚུལ་ནི་ཧ་ཅང་གསལ་པོ་ཡིན་པ་དང།  དེ་ནི་༼ཁྭ་ཧྥུའུ་ཁ་ཡིས་ཀྱང་འབྲི་བཀོད་བྱེད་ཐབས་མེད་པའི་ཁྱོ་མེད་ཀྱི་གནས་ཚུལ་ཞིག་རེད།༽ཅེས་བཤད་ཡོད། ལེའུ་ཞྭ་ཡིས་༼ང་ཚོ་ནི་འདི་ལྟར་འདོ་མེད་ཀྱི་ས་ཆར་འཚོ་བཞིན་ཡོད།   ཆོ་མེད་པའི་ཚད་ནི་ངའི་སེམས་ནང་ལེའུ་ཞྭོ་པོ་ལ་གང་འདྲ་ཁ་གཏད་དགོས་མིན་ཡང་གྲ་བསྒྲིག་ཡོད་་་་་འོན་ཀྱང་ངའི་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོ་རང་་ལ་གཟེགས་རྟགས་ཐོབ་པ་རེད། ང་ཚོ་སྒོ་ཕྱིར་འགྲོ་མི་ཆོག་པར་གྱུར་ཡོད།  གནས་ཚུལ་འདི་འདྲ་ནས་ངའི་བསམ་ན་དངོས་གནས་ཧ་ཅང་ཆོ་མེད་ཅིག་རེད་འདོད།  ངས་ཚོད་དཔག་བྱས་ན་ཁྭ་ཧྥུའུ་ཁ་ཡིས་ཀྱང་རོལ་དབྱངས་ཀྱི་ལུང་དང་འགལ་ཞིང་ཆོ་མེད་ཀྱི་གནས་སྟངས་འདི་འདྲ་འབྲི་བཀོད་བྱེད་ཐུབ་ཀྱི་མ་རེད་དྲན་གྱི་ཡོད།༽ཅེས་དང།  མོ་རང་གི་སྟག་རྒྱབ་ལ་རྨས་ཤུལ་ཡོད་པར་བརྟེན་རྒྱུན་དུ་ཉལ་ནས་བསྡད་དགོས་སྐོར་དང།   མོ་རང་བཟང་བཙོན་ཚུད་རྗེས་དྲ་རྒྱ་བེད་སྤྱོད་མེད་ཅིང་ཁ་པར་གཏོང་མི་ཆོག་ལ་ཉི་མ་ལོ་ལས་རིང་བ་ལྟར་འཚོ་དགོས།  བདུན་རེའི་ནང་ཕྱིར་སོང་ནས་འཚོ་བའི་རྒྱུན་མཁོའི་ཅ་དངོས་ཉོ་སྒྲུབ་དང་ཕ་མར་ལྟ་ཆོག  ཟླ་རེར་གཞུང་འཛིན་མི་སྣས་མོ་རང་བཙོན་ཁང་དུ་བཟའ་ཟླ་ལེའུ་ཞྭོ་པོ་ལྟ་རུ་ཐེངས་རེར་འཁྲིད་ཀྱི་ཡོད། དེ་སྔོན་མོས་༼ལེའུ་ཞྭོ་པོར་གཟིགས་རྟགས་རག་པ་དེ་དྲུག་བཞིའི་སྐབས་ཀྱི་ཤི་ཕོ་རྣམས་ལ་གཟིགས་རྟགས་ཐོབ་པ་རེད།༽ཅེས་སྤྱི་བསྒྲགས་བྱས་པ་ནས་བཟུང་རྒྱ་གཞུང་གིས་མོ་རང་ལོ་གཅིག་ལྷག་གི་རིང་ལེའུ་ཞྭོ་པོ་ཐུག་མ་བཅུགས་པ་རེད།

 

images/idoblog/upload/9816387411/preview/small_aleqm5gtkhdz6tgowuysicy22sfwaw1zqg_600px.jpgགཟའ་འཁོར་འགའི་སྔོན་མོ་རང་གིས་ལེའུ་ཞྭོ་པོ་ཐུག་ཅིང་ཁོའི་གཟུགས་པོ་ཅུང་བདེ་ཐང་ཡིན་པར་ཤེས།  ཡིན་ཡང་མོ་རང་ག་དུས་སོང་མིན་མི་དྲན་པར་༼ད་ལྟ་ང་རང་གིས་ཁོང་ག་དུས་ལྟ་རུ་སོང་མིན་གྱི་དུས་ཚོད་བརྩི་ཡི་མེད༽ཅེས་དང། ༼གང་ཡིན་ཟེར་ན་རྒྱ་གཞུང་གིས་བཀག་སྡོམ་ཡོད་རྐྱེན་བཙོན་དུ་ཚུད་པའི་བཟའ་ཟླ་ལ་མོའི་ད་ལྟའི་གནས་སྟངས་སྐོར་འགྲེལ་བརྗོད་བྱས་མེད།  འོན་ཀྱང་ལེའུ་ཞྭ་པོས་མོ་རང་ད་ལྟ་བཟང་བཙོན་དུ་གནས་ཡོད་པའི་སྐོར་ཤེས་ཀྱི་ཡོད་འདུག གནས་ཚུལ་དེ་དག་བཤད་ཆོག་གི་མེད། དེ་ནི་བཤད་ན་མི་ཆོག་པའི་ཕྱོགས་ཡིན་་་་་་་་་གང་ལྟར་ཡང་ཁོས་ངའི་སྤྱི་བཏང་གི་གནས་སྟངས་ཤེས་ཡོད། ངས་ཁོང་ལ་ང་རང་ཁྱེད་ཀྱི་གནས་སྟངས་འདྲ་པོ་ཡིན་ཞེས་བཤད་ཡོད།༽

དགུང་གྲངས་ང་བདུན་སོན་པའི་ནོའོ་པེ་ཞི་བདེའི་གཟེངས་རྟགས་ཀྱི་བདག་པོ་ལེའུ་ཞྭོ་པོས་རྒྱ་ནག་སྲིད་གཞུང་ལ་ཆབ་སྲིད་བཅོས་བསྒྱུར་ཡོང་བའི་༼ཉིས་སྟོང་བརྒྱད་ལོའི་བཅའ་ཁྲིམས།༽ཅེས་པ་དེའི་མ་ཟིན་འབྲི་རྩོམ་བྱས་རྐྱེན་དམར་གཞུང་གིས་༼རྒྱལ་ཁབ་ཀྱི་སྲིད་དབང་མགོ་གཏིང་བསློག་པར་ངན་བསྐུལ་༽བྱས་པའི་ཉེས་མིང་འོག་བཙོན་ཁྲིམས་ལོ་༡༡བཅད་དེ་ད་ཆ་བཙོན་ནང་ལོ་བཞི་ཙམ་སོང་ཡོད།   ནོའོ་པེ་གཟིངས་རྟགས་ཚོགས་ཆུང་ནས་  ༢༠༡༠  ལོའི་ཞི་བདེའི་གཟིངས་རྟགས་ལེའུ་ཞྭོ་པོར་ཕུལ་རྗེས་ཁོང་གི་བཟའ་ཟླ་ལེའུ་ཞྭ་ཐོག་མཐའ་བར་གསུམ་དུ་པེ་ཅིང་གྲོང་ཁྱེར་གྱི་ཁྱིམ་དུ་བཟང་བཙོན་དུ་གནས་ཡོད་པ་རེད།  ད་བར་ལེའུ་ཞྭ་བཟང་བཙོན་ཚུད་ནས་ཟླ་བ་ཉེ་དྲུག་སྟེ་ལོ་གཉིད་དང་ཟླ་གཉིས་ལྷག་ཟིན་པ་དང་། ད་ཐེངས་གསར་འགོད་པས་བཅའ་འདྲིར་ལན་འདེབས་བྱས་པ་ནི་ཐེངས་དང་པོ་དེ་ཆག་ཡོད་པ་རེད།

ལེའུ་ཞོ་པོར་ཞི་བདེའི་གཟིངས་རྟགས་ཐོབ་ནས་མ་རིང་བའི་དུས་སུ་མེའེ་ལན་ཧྲི་གསར་ཁང་གིས་ཁ་པར་ཐོག་བཟང་བཙོད་ཚུད་ཟིན་པའི་ལེའུ་ཞྭར་བཅའ་འདྲི་བྱས་མྱོང་བ་དང།  སྐབས་དེར་མོ་རང་གིས་སོ་སོ་བཟང་བཙོན་ཚུད་པ་དེ་དུས་ཡུན་ནང་གི་གནས་སྟངས་ཡིན་ཞིང། རྒྱ་གཞུང་གིས་མོ་རང་གང་མགྱོགས་གློད་གྲོལ་གཏོང་སྲིད་པར་ཡིད་ཆེས་བྱས།   འོན་ཀྱང་ད་བར་ལོ་གཉིས་སོང་བའི་ནང་ལེའུ་ཞྭ་དང་ལེའུ་ཞོ་པོ་གཉིས་ཀྱི་གནས་སྟངས་ལ་འགྱུར་ལྡོག་གང་ཡང་སོང་མེད་པ་རེད།

༼ཡིག་སྒྱུར་བྱས།༽

རྒྱ་རྩོམ་གྱི་འབྲེལ་ཐག