དུས་ནམ་ཞིག།
མེས་པོའི་བློ་གྲོས་རྩལ་གྱིས་བསྐྲུན་པའི་གདོང་དམར་བོད་པའི་རིག་གཞུང་དེ།།
དུས་རབས་གསར་བའི་ལང་ཚོའི་གཟི་མདངས་ཕྱི་རབས་པ་ཡི་རྒྱན་དུ་བསྒྲེངས།།
འབབ་ལྡན་ཆུ་མིག་རིང་མོའི་རྒྱུན་ནས་ཀླུང་ཆེན་རྒྱ་མཚོའི་དཀྱིལ་འཁོར་ན།།
འཁྱུང་ཆེན་གཤོག་གཟུང་དགུང་ལ་གཡོ་བའི་མེ་པོའི་མཁར་གྱི་མཛེས་སྡུག་བསྐྲུན།།
བདག་ནི་ངམ་གཟར་བྲག་རིའི་སྟེང་གི་ཐང་ཤིང་ལྗང་མ་ཁེར་རྐྱང་ལྟར།།
འཕགས་ནག་རྒྱ་མཚོའི་རྦ་རླུངས་དཀྱིས་ནས་མ་མའི་གླུ་སྐད་དགུ་འགྱུར་ལེན།།
ཆུ་ཕྲན་ལམ་ལ་ཆས་པའི་དུས་དེར་ནམ་ཞིག་རྒྱ་མཚོའི་མངལ་ན་སྦྲུམ།།
རྒྱང་བསྐྱོད་གླིང་གཞི་ཕ་མཐར་བརྒལ་བའི་མགོ་འཕངས་དགུང་སྔོན་དབྱིངས་ལ་སྟེགས།།