ཞི་བདེའི་གཟེངས་རྟགས་དུས་དྲན།
ཟླ་འདིའི་ཚེས་ ༡༠ ཉིན་རྒྱ་གར་རྡན་བྷཏ་བོད་མིའི་སུད་ཚོང་སྐྱིད་སྡུག་ཚོགས་པ་ནས་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས། མི་ལོ་ཧྲིལ་པོ་༢༣ འཁོར་བའི་ཉིན་མོ་དང་། འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩིའི་མཛད་སྒོ་ཚོགས་ཡོད་པ་རེད།
དེ་ཉིན་སྔ་དྲོ་ཆུ་ཚོད་༦ པའི་ཐོག་དྷན་བྷཌ་བོད་མིའི་སུད་ཚོང་ཚོགས་པའི་ཚོགས་གཙོ་ཐོགས་མེད་དང་། ཚོགས་གཞོན་བློ་བཟང་རྒྱ་མཚོ། དྲུང་ཆེ་བ་ར་ཚེ་དབང་བཀྲ་ཤིས། དངུལ་གཉེར་བློ་ལྡན་བཅས་ཀྱི་གཙོས་པའི་སུད་ཚོང་བ་ཁྲོམས་སྒོ་གྲངས་ ༣༦ ཚང་འཛོམས་ཀྱིས་དུས་དྲན་ཟབ་རྒྱས་ཞུས་པ་དང་མང་ཚོགས་ནས་༧རྒྱལ་བའི་ཞབས་བརྟན་གཙོས་པའི་བོད་ཕྱི་ནང་གཉིས་སུ་གནས་པའི་རང་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་པ་ཕོ་མོ་རྣམས་ལ། མྱ་ངན་གུས་བཏུད་དང་ཚེ་རབས་ཀུན་དུ་འཕགས་མཆོག་ཕྱག་ན་པདྨའི་རྗེས་བཟུང་སྨོན་འདུན་དང་ཆོད་མེ་བརྒྱ་མཆོད། བསྔོ་སྨོན་མཆོད་འབུལ་གཟབ་རྒྱས་ཞུས་པ་མ་ཟད། ས་གནས་ཡུལ་མི་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཡིག་ཆ་འགྲེམས་སྤེལ་དང་། གསར་ཤོག་འདྲ་མིན་ཁག་གི་གསར་འགོད་པ་མི་སྣ་ ༢༦ ལྷག་ཙམ་ལ་བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་དོན་རྐྱེན་གཙོ་བོ་ནི་རྒྱ་གཞུང་གིས་བོད་དང་བོད་མའི་སྟེང་དྲག་གཅོད་དང་མཁྲེགས་བཟུང་བྱས་པའི་ལངས་ཕྱོགས་ལ་བརྟེན་ནས་བྱུང་བ་ཞིག་ལས། ༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངན་སྐུལ་བྱས་པ་ཞིག་མིན་པ་གསལ་བརྗོད་ཡོད་པ་རེད།།
