བོད་མི་ཚོས་གཅིག་རྗེས་གཉིད་མཐུད་ཀྱི་རང་ལུས་མེར་སྲེག་དང་། ཀྲུའུ་ཝེ་ཆོན་འགྲོ་བ་མི་ནས་སྤྱང་ཀིར་འགྱུར་སྟངས།
བོད་མི་ཚོས་གཅིག་རྗེས་གཉིད་མཐུད་ཀྱི་རང་ལུས་མེར་སྲེག་དང་།
ཀྲུའུ་ཝེ་ཆོན་འགྲོ་བ་མི་ནས་སྤྱང་ཀིར་འགྱུར་སྟངས།
རྩོམ་པ་པོ། ཁྲིན་ཁའེ། 程凱
གལ་ཏེ་བོད་མི་ཚོས་གཅིག་རྗེས་གཉིད་མཐུད་ཀྱིས་རང་ལུས་མེར་བསྲེག་མ་གཏོང་ན་ངས་ཀྲུའུ་ཝེ་ཆོན་ཁོ་དྲན་མི་སྲིད། ངས་རྩོམ་དུམ་འདི་འབྲི་བཞིན་པའི་སྒང་དྲ་ཐོག་ནས་བོད་ཟི་ཁྲོན་དཀར་མཛེས་གསེར་རྟ་ནས་བོད་མི་གསུམ་གྱིས་རང་ལུས་མེར་སྲེག་གིས་རྒྱ་ནག་དམར་པོའི་དབང་སྒྱུར་ལ་ངོ་རྒོལ་བྱས་ཚུལ་འཁོད་འདུག ལོ་གཅིག་ནང་མི་གྲངས་ཉི་ཤུ་ལྷག་གིས་རང་ལུས་མེར་བསྲེག་བཏང་ཟིན། འཛམ་གླིང་ཡོངས་ནས་དམར་པོའི་དབང་སྒྱུར་འོག་གི་བོད་མི་ཚོས་ཆེས་ཡ་ང་བའི་རང་ལུས་མེར་བསྲེག་གི་ཐབས་ལམ་ཐོག་ནས་གཅིག་རྗེས་གཉིད་མཐུད་ཀྱིས་འུར་གྱི་འབར་བཞིན་པའི་མེ་ཕུང་ནང་ཚེ་སྲོག་བློས་གཏོང་བཞིན་པ་འདིར་སེམས་འཁུར་ཤུགས་ཆེར་བྱེད་ཀྱི་ཡོད་པ་རེད།
ཀྲུའུ་ཝེ་ཆོན་ནི་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ནས་འགན་འཛིན་གཞོན་པ་རིམ་པའི་ནས་རྒྱུན་ལས་ཀྱི་གོ་གནས་ཡོད་མཁན་རེད། མི་ཚོས་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུང་གི་འགན་འཛིན་སུ་ཡིན་མིན་མི་ཤེས་མཁན་ཡང་ཡོད་སྲིད། འོན་ཀྱང་བོད་མིས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེག་གཏོང་བའི་གནས་སྟངས་ལ་བརྟེན་ནས། མི་རྣམས་ཀྱིས་བོད་དོན་ལས་དོན་ཐག་གཅོད་བྱེད་མཁན་འགན་འཛིན་གཞོན་པ་ཀྲུའུ་ཝེ་ཆོན་ངོ་ཤེས་སྲིད་པ་རེད། ཀྲུའུ་ཝེ་ཆོན་ནི་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་དང་བོད་ཀྱི་སྲིད་ཇུས་དངོས་སུ་ལག་བསྟར་བྱེད་མཁན་གལ་ཆེའི་གོ་གནས་གཉིས་ལྡན་གྱི་མི་སྣ་ཞིག་རེད། ༢༠༠༣ ལོ་ནས་བཟུང་ཀྲུའུ་ཝེ་ཆོན་གྱིས་བོད་སྐོར་ཐག་གཅོད་དང་བོད་སྐོར་ཕྱི་ཕྱོགས་ལ་གཏམ་བཤད་ཅིག་བྱས་ཡོད་པ་རེད། ཤེས་རྟོག་བྱས་པ་ལྟར་ན་ཁོ་བོད་ནང་སྔ་ཕྱི་ཐེངས་སུམ་བཅུ་ཙམ་སོང་ཡོད་པ་དང། བོད་མིར་རྡུང་རྡེག་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་གཉེར་གྱི་ཡོད།
སེམས་པ་རྡོ་ལས་མཁྲེགས་པའི་མི་ཞིག་ཡིན་ཡང་མི་དམངས་ཡོངས་ནས་ནང་ཆོས་ལ་དད་འདུན་དང། འགྲོ་བ་མིའི་རིགས་ནང་སེམས་པ་བཟང་ཤོས་ཀྱི་བོད་མིས་རང་ལུས་མེར་བསྲེག་ལའང་སེམས་འགུལ་མི་ཐེབས་མཁན་ཡོད་སྲིད་ཀྱི་མ་རེད། འོན་ཀྱང་ཀྲུའུ་ཝེ་ཆོན་ལ་མཚོན་ན་ཁོས་༼ རྒྱ་ནག་གཞུང་གིས་བོད་ཀྱི་ལས་དོན་གྱི་ལགས་ཕྱོགས་ཐད་འགྱུར་ལྡོག་གང་ཡང་ཡོང་མི་སྲིད། ༽དང། ༼ ཏཱ་ལའི་བླ་མར་སྟོང་བསམ་འཆང་རྒྱུ་བཞག་སྟེ་རྒྱུན་རིང་འཐབ་རྩོད་ཀྱི་གྲ་བསྒྲིག་ཡག་པོ་བྱེད་དགོས། ༽ཅེས་བཤད་ཡོད་པ་རེད། དེ་སྔོན་ཀྲུའུ་ཝེ་ཆོན་བོད་ནང་རང་ལུས་མེར་སྲེག་སྐོར་རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེར་བྱེད་མཁན་གྱི་ཡོ་རོབ་རྒྱལ་ཁབ་ཏུ་འབྱོར་ནས་ཏཱ་ལའི་བླ་མར་མ་ཉེས་ཁ་གཡོག་གི་གཏམ་བཤད་སྤེལ་ཞིང། ཁོས་༼ ཏཱ་ལའི་བླ་མས་བོད་རྒྱུད་ནང་བསྟན་དེ་རང་ཤི་རྒྱག་པ་དང་རང་ལུས་མེར་སྲེག་གི་ཆོས་ལུགས་གཅིག་ལ་བསྒྱུར་རྩིས་ཡོད། ༽ཅེས་བཤད་ཡོད་པ་རེད། དེའི་སྐོར་ཆབ་སྲིད་དཔྱད་བརྗོད་པ་ཁྲིན་ཕོ་ཁོང་གིས་བོད་མིས་རང་ལུས་མེར་སྲེག་སྐོར་ཀྲུའུ་ཝེ་ཆོན་ལ་ནག་ཉེས་གཙོ་བོ་ཡོད་ཅེང་ནག་ཉེས་དེ་ནས་གཡོལ་ཐབས་མེད། ཅེས་བརྗོད་མྱོང། ངས་བལྟས་ན་ཀྲུའུ་ཝེ་ཆོན་གྱི་བྱ་སྤྱོད་ཐོག་ནས་ཁོས་མི་ཞིག་ཡིན་པའི་བསམ་བློ་དང་མི་གཤིས་ཀྱི་རྨང་གཞི་བརླག་ཚར་ཞིང་། ཁོས་བྱེད་སྟངས་དེ་ནི་གདུག་རྩུབ་ཅན་གྱི་སྤྱང་ཀི་ཞིག་དང་ཁྱད་པར་ཁྱོན་ནས་མི་འདུག
ཀྲུའུ་ཝེ་ཆོན་ནན་ཟི་ལ་ཧྤུའུ་རྒྱལ་ཁབ་ Jugoslavija ཡི་བཙོན་ཁང་དུ་ལོ་གསུམ་ཁྲིམས་ཆད་ཕོག་ཡོད།
ལོ་རབ་བརྒྱད་ཅུའི་ནང་ང་དང་ཀྲུའུ་ཝེ་ཆོན་ངེད་གཉིས་རྒྱ་ནག་དབུས་སྲིད་གཞུང་གི་༼ མི་མང་ཉིན་རེའི་ཚགས་པར། ༽ལས་ཁུང་དུ་ལས་རོགས་ཡིན་སྟབས་ཁོ་དང་ངོ་ཤེས་པ་རེད། སྐབས་དེའི་དུས་སུ་ངའི་ཁོ་ལ་ལྟ་སྟངས་ནི་ཀྲུའུ་ཝེ་ཆོན་མི་དྲང་པོ་དང་ངོ་ཚ་རྨིན་པོའི་མི་བཟང་ཞིག་མཐོང་ཡོད།
༡༩༨༧ ལོར་ཧེ་ནན་གྲོང་དུ་ཞིང་ཆེན་འཛུགས་སྐྲུན་དང་དཔལ་འབྱོར་གྱི་དམིགས་བསལ་གྲོང་སྡེ་ཞིག་བཙུགས་འཆར་སྐབས་སུ་ང་རང་མི་མང་ཉིན་རེའི་ཚགས་པ་ཧྲིན་ཀྲིན་གྲོང་ཁྱེར་ནང་གི་གསར་འགོད་པ་གཙོ་བོའི་འགན་འཁྱེར་ཡོད། འཆར་འགོད་སྡེ་ཚན་དེ་དང་ཚགས་ཤོག་ལས་ཁུང་གྲོས་མོལ་བརྒྱུད་ང་རང་ཧེ་ནན་ས་ཁུལ་དུ་ལས་བགོས་ཀྱིས་ཧེ་ནན་ཉིན་རེའི་ཚགས་པར་གྱི་རྩོམ་སྒྲིག་པ་གཙོ་བོའི་ལས་གནས་སུ་བཏང་བྱུང། ལས་བསྒྱུར་གསར་བརྡ་ཐོན་མ་ཐག་ང་བྲེལ་འཚུབ་ངང་ཧེ་ནན་ཁུལ་ལས་འཇུག་བྱས་ཤིང། དེའི་རིང་དུས་ཚོད་དམ་འཛིན་གྱིས་པེ་ཅིང་ཕྱིར་ཡོང་སྟེ་ལས་བསྒྱུར་གྱི་འབྲེལ་ཡོད་ལས་དོན་སྒྲུབ་པ་ཡིན། ང་རང་མི་མང་ཉིན་རེའི་ཚགས་ཁང་ནང་གྲོགས་པོ་དང་ལས་རོགས་ཡག་པོ་མང་པོ་ཡོད། དེའང་དམིགས་བསལ་དུ་ང་རང་གསར་འགོད་པའི་སྡེ་ཚོགས་ནང་ཡོད་པས་རེད། ང་དང་ལས་རོགས་ཚོ་རེ་རེ་བཞིན་གྱེས་ཕྱག་ཕུལ་ཞིང། པེ་ཅིང་གསར་འགོད་ཁང་གི་གསར་འགོད་པ་གཙོ་བོས་ང་ལ་ཟས་བཏང་ནས་གྱེས་བྲལ་ཞུས། ཁོང་ནི་གསར་ཁང་དེའི་མི་སེམས་བཟང་ཅན་ཞིག་ཡིན།
འདིར་ངས་སྐད་ཆ་གཞན་འགའ་བཤད་དགོས་ཀྱི་ཡོད་། དེ་ནི་ ༡༩༨༩ ལོར་རྒྱ་ནག་ཏུ་དམངས་གཙོའི་ལས་འགུལ་བྱུང་སྐབས་ཏྭིང་ཞོ་ཕིང་གིས་དམག་གྲངས་ཁྲི་ཉི་ཤུ་གཏོང་ནས་པེ་ཅིང་གྲོང་ཁྱེར་དོ་དམ་གྱི་བཀག་སྡོམ་བྱས། མི་མང་ཉིན་རེའི་ཚགས་པར་ནང་༼ བཀག་སྡོམ་གྱི་ཉིན་བཅུའི་སྐོར་བཤད་པ། ༽ཞེས་པའི་རྩོམ་ཡིག་མུ་འགོད་དེ་དག་ཀྱང་ཁོང་གིས་བྲིས་པ་རེད། རྩོམ་ཡིག་ཁག་བཅུ་ཙམ་གྱིས་ཐད་བརྗོད་དང་ཟུར་བརྗོད་ཀྱིས་རྩོམ་རྩལ་ཐོག་ནས་སྐབས་དེར་པེ་ཅིང་མི་མང་གིས་སྲིད་གཞུང་གི་བཀག་སྡོམ་བཀའ་རྒྱར་ངོ་རྒོལ་སྤེལ་སྟངས། བཅིང་འགྲོག་དམག་མི་ཚོས་མེ་མདའི་སོ་ཁ་མི་མང་ལ་ཁ་གཏད་རྒྱུ་མེད་ཚུལ། དེ་བཞིན་བཀག་སྡོམ་ཉིན་བཅུའི་རིང་གནས་སྟངས་ཅུང་ལེགས་པོ་ཡིན་པ་དང་ཟིང་འཕྲུག་གི་གནས་ཚུལ་བྱུང་མེད་པའི་སྐོར་སོགས་འཁོད་ཡོད་པ་རེད།
གྱེས་བྲལ་གྱི་འདུ་འཛོམས་སྐབས་དེར་ཀྲུའུ་ཝེ་ཆོན་ཡང་ཡོད་། པེ་ཅིང་དུ་ཡོད་པའི་གསར་འགོད་པ་གྲོགས་པོ་ཞིག་གིས་ཀྲུའུ་ཝེ་ཆོན་ང་ལ་ངོ་སྤྲོད་བྱས་པ་དང། ཁོ་རང་ང་དང་མཉམ་དུ་ཧེ་ནན་ཉིན་རེའི་ཚགས་ཁང་དུ་ལས་ཀ་ཐོབ་རེའི་རེ་བ་ཡང་བཏོན་ཡོད་པ་རེད།
ཀྲུའུ་ཝེ་ཆོན་ནི་མི་མང་ཉིན་རེའི་ཚགས་ཤོག་གི་རྒྱལ་སྤྱིའི་སྡེ་ཚན་གྱི་གསར་འགོད་པ་ཡིན།
ཁོ་རང་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་དང་མི་མང་ཉིན་རེའི་ཚགས་ཁང་མཉམ་འབྲེལ་གྱི་བཙུགས་པའི་གསར་འགོད་ཞིབ་འཇུག་སློབ་གྲྭ་ཆེན་མོ་ནས་ཐོན་ཡོད། འོན་ཀྱང་ཁོ་ལམ་འགྲོ་མ་རྒྱུག་ནས་སློབ་དུས་སྔོན་མ་སྐབས་ནན་ཟི་ལ་ཧྥུར་ཡུལ་སྐད་སྦྱོང་དུ་བཏང་བ་དང། དེ་ནས་ཐོན་རྗེས་གྲོང་ཁྱེར་པི་ཨར་ཀི་ལེ་ཏེ་གྲོང་ཁྱེར་དུ་གསར་འགོད་པའི་ལས་བགོས་རྒྱག་ཡོད། དུས་དེར་ཐེངས་གཅིག་རླངས་འཁོར་བརྡབ་སྐྱོན་ཤོར་ནས་སྐབས་དེར་ཁོའི་རླངས་འཁོར་ནས་བསྡད་ཡོད་པའི་རྒྱལ་ཁབ་ནན་ཟི་ལ་ཧྥུའི་སྐུ་ཚན་དོན་གཅོད་ཀྱི་བཟའ་ཟླ་ལྕམ་དེ་མུར་ཤི་ཡོད་པ་རེད། འོན་ཀྱང་ཁོ་རང་ལ་རྨས་སྐྱོན་གང་ཡང་བྱུང་མེད་པ་རེད། ཀྲུའུ་ཝེ་ཆོན་གྱིས་སྐུ་ཚབ་དོན་གཅོད་ཀྱི་ལྕམ་སྐུ་རླངས་འཁོར་ནང་འཕྲིད་དེ་ག་བར་འགྲོ་བརྩིས་ཡོད་མེད་སོགས་གཞན་གྱིས་ཤེས་རྟོག་མེད་པ་དང། ཁོས་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ཕོག་ཏེ་བཙོན་ཁྲིམས་ལོ་གསུམ་བཅད་ཡོད་། དེའང་ཁོ་རང་རྒྱ་ནག་གི་གསར་འགོད་པ་ཞིག་ཡིན་པའི་ཆ་ནས་ཁྲིམས་ཆད་དེ་ལག་བསྟར་བྱེད་མེད་པ་མ་ཟད། ཀྲུའུ་ཝེ་ཆོན་རྒྱ་ནག་ཏུ་ཕྱིར་གློད་གྲོལ་བཏང་ཡོད་པ་རེད།
ཀྲུའུ་ཝེ་ཁྱོན་ལ་དམིགས་བསལ་གྱི་དཔོན་གནས་སུ་འཛེགས་པའི་ཐབས་ཤེས་ཡོད་སྲིད།
ངས་ཀྲུའུ་ཝེ་ཆོན་ཐུག་དུས་ཁོའི་ཁྲིམས་ཆད་ལོ་གསུམ་གཙང་མི་འདུག སྐབས་དེར་ཁོ་སེམས་སྐྱོ་མདོག་དང་ལྕམ་སྐུ་ཁོའི་རླངས་འཁོར་ནང་ཤི་བའི་སྐོར་འགྱོད་པ་ཆེན་པོ་བྱེད་ཀྱི་འདུག ཁོ་མུ་མཐུད་མི་མང་ཉིན་རེའི་ཚགས་ཁང་དུ་བསྡད་འདོད་མེད་པར་ལས་རོགས་ཚོས་ཁོ་རང་མཐོང་བ་ཙམ་གྱིས་ཁོ་རང་ནན་ཟི་ལ་ཧྥུའི་རྒྱལ་ཁབ་ཀྱི་ཁྲིམས་ཆད་ཕོག་པའི་སྐོར་ཡིད་ལ་འཁོར་སྲིད་སྟབས། ཁོའི་སྒེར་གྱི རེ་བ་ལ་གསར་ཁང་དེ་ནས་ཁ་བྲལ་འདོད་དང་གཞན་གྱིས་ངོ་ཤེས་ཐབས་མེད་པའི་ས་ཞིག་ཏུ་ལས་ཀ་བྱ་རྒྱུ་དང། ཡང་ནང་ཧེ་ནན་ཏོ་ཟེར་བའི་ས་དེ་ནི་ཁོའི་གདམ་ཁ་ཐོག་མ་རེད།
ངས་སྐབས་དེར་ཁོའི་རེ་བ་ཁེས་ལེན་བྱས་ཏེ་ཁོའི་གནས་སྟངས་སྡུག་ཅག་དེར་གདོང་ལེན་བྱ་ཐབས་བྱས་པ་ཡིན། གང་ཡིན་ཟེར་ན་དེ་ནི་ངས་ཁོས་རང་གི་བཟོས་པའི་རླངས་འཁོར་བརྡབ་སྐྱོན་དེས་གཞན་གྱི་སྲོག་ཤོར་བར་སེམས་འགྱོད་བྱེད་ཤེས་ཀྱི་ཡོད་པས་རེད། ངས་ཧེ་ནན་གསར་ཁང་དུ་ཁོ་ལ་ལས་ཀ་ཞིག་བཀོད་བསྒྲིག་བྱ་རྒྱུར་ཁེས་ལེན་བྱས། དེ་ནས་ཁོས་སྔོན་གྱི་ལས་གནས་བསྐྱུར་རྗེས་ངས་འབྲེལ་ཡོད་སྡེ་ཚན་ལ་སྙན་ཞུ་གཏོང་ནས་ཁོ་རང་ལས་བསྒྱུར་བྱ་རྒྱུ་བྱས་པ་ཡིན།
འོན་ཀྱང་དེ་རྗེས་ཁོས་ང་ལ་འབྲེལ་བ་གཅིག་ཀྱང་བྱས་མེད། ངས་གོ་ཐོས་ལྟར་ན་ཁོ་དབུས་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་གི་ལས་ཀ་བྱེད་ཅིང་མཐར་མི་མང་ཉིན་རེའི་ཚགས་ཁང་ནས་ཐོན་ཏེ་རྒྱ་ནག་དབུས་གཞུང་ལས་ཁང་དུ་སོང་བ་དང། དེ་རྗེས་ཀྱང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་དུ་སོང་འདུག ལོ་གཅིག་དང་ཕྱེད་ལྷག་རྗེས་ ༡༩༨༩ ལོའི་དམངས་གཙོ་ལས་འགུལ་དེ་བྱུང་བ་རེད། ཟླ་དྲུག་པའི་ཚེས་བཞིའི་དམར་བསད་ཆེན་མོ་མཇུག་བསྡུས་རྗེས་གཞུང་གིས་ང་ལ་ཟིང་འཁྲུག་དང་མི་མང་གི་ཁ་ཕྱོགས་ལོག་བསྒྱུར་ཟེར་བའི་ནོར་འཁྲུལ་ཆེན་པོ་ཤོར་ཚུལ་བསྒྲགས་ནས་དབུས་ཧེ་ནན་ཞིང་ཆེན་དུ་ལས་གནས་ཡོངས་ཕྱི་བསྡུ་བྱས། ང་དང་མཉམ་དུ་སྐབས་དེར་གཞན་ལས་རོགས་གཉིས་ཀྱང་འབྲེལ་ནས་ཉི་མ་འཁྱོར་དཀའ་བ་བཟོས་འདུག དུས་དེར་ངའི་སེམས་ནང་ཀྲུའུ་ཝེ་ཆོན་དངོས་གནས་ལམ་འགྲོ་རྒྱུག་མཁན་ཞིག་རེད་སྙམ་པ་དང། ཁོ་རང་ངའི་སར་ལས་ཀ་མ་བྱས་པར་བརྟེན་ནས་རྡུང་རྡེག་དེར་གཡོལ་ཐབས་བྱུང་བ་རེད།
དྲུག་བཞི་དོན་རྐྱེན་རྗེས་ང་ཨ་རིར་བཙན་བྱོལ་དུ་ཡོང་བ་ཡིན། ལོ་བཅུའི་སྔོན་ཙམ་ལ་ངས་དེ་སྔོན་མི་མང་ཉིན་རེའི་ཚགས་ཁང་གི་ལས་རོགས་གཅིག་དང་ཐུག ཁོས་ཀྲུའུ་ཝེ་ཆོན་ད་ལྟ་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་གཙོ་གཞོན་པར་སླེབས་ཡོད་སྐོར་བཤད་བྱུང། ང་རང་ཧ་ལས་དེ་རྒྱ་ནག་དམར་ཤོག་གི་དཔོན་གནས་སུ་དོན་དངོས་མིན་པའི་གོ་གནས་སྤོ་བསྒྱུར་གྱི་ལམ་ལུགས་དེར་ཧོན་ཐོར་བཅུག་སོང། ངས་དེ་སྔོན་ངོ་ཤེས་དྲང་པོ་དང་ངོ་ཚ་རྨིན་པོ་ཡོད་པའི་ཀྲུའུ་ཝེ་ཆོན་ལོ་བཅུའི་ནང་སྤྱི་བཏང་གི་གསར་འགོད་པ་ཞིག་ནས་རྒྱ་ནག་དབུས་སྡེ་ཚན་གྱི་འགན་འཛིན་གཞོན་པར་འཛེགས་ཐབས་མེད་པ་ལྟར་རེད། དེ་ནི་གལ་ཏེ་ཁོ་ལ་དམིགས་བསལ་གྱི་ཐབས་འདྲ་ཡོད་ན་མ་གཏོགས་དེ་འདྲ་མི་སྲིད་ལྟར་རེད། དེ་འདྲ་ཡིན་སྲིད་པའི་དབང་དུ་བཏང་ཡང་ཐོག་མར་ཁོས་དེ་སྔོན་གྱི་སོ་སོར་ངོ་ལོག་སྟེ་དྲང་པོ་དང་ངོ་ཚ་རྨིན་པོའི་གང་ཟག་ཅིག་མིན་པའི་མི་སྣ་གཞན་ཞིགབྱེད་རྒྱུ་དེ་ནི་དཔོན་གནས་སུ་འབྱོར་ཐབས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད།
འོན་ཀྱང་དེ་ཙམ་གྱིས་ཁོ་ལ་གདིང་འཇོག་ཆུང་དྲག་པ་རེད། ངའི་བསམ་ཡུལ་ལས་འདས་པ་ཞིག་ནི་ཁོས་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་རིག་གཞུང་རྩ་གཏོར་གཏོང་མཁན་དང། བོད་རྒྱུད་ནང་བསྟན་དང་བོད་མི་ཚོའི་བསམ་པའི་དབུ་གཙོ་གོང་ས་ཏཱ་ལའི་བླ་མར་ངན་བརྗོད་ཀྱིས་བོད་མིའི་ངོ་རྒོལ་ལ་དྲག་པོའི་གཉའ་གནོན་བྱེད་ཀྱི་རེད་བསམ་པའི་ཡུལ་ལའང་མེད། ཁོས་དེ་འདྲར་བྱས་པརབརྟེན་ནས་བོད་མིས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད། དེ་ལྟར་མུ་མཐུད་ངན་སྤྱོད་སྤེལ་ཞིང་འགྱོད་སེམས་ཙམ་ཡང་མེད་པ་ནི་ལས་རྒྱུ་འབྲས་ནས་ཐར་ཐབས་མེད་ཅིང་། ཁོ་ནི་ལས་འབྲས་མེད་ཅིང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་མི་ངན་ཞིག་དང། སེམས་ཀྱིས་ལེགས་ཉེས་མི་འབྱེད་ཅིང་འགྲོ་བ་མིའི་རང་གཤིས་བོར་ཚར་བའི་གདུག་རྩུབ་ཅན་གྱི་སྤྱང་ཀི་ཞིག་གྱུར་ཡོད་པ་རེད།
དེ་ནི་འགྲོ་བ་མི་ཞིག་སྤྱང་ཀི་ལ་བསྒྱུར་བའི་དཔོན་གྱི་འདུ་རྭ་ཞིག་རེད།
ང་ཨ་རིར་འབྱོར་རྗེས་གཞན་ཚོས་རྒྱུན་དུ་ང་ལ་དྲི་བ་ཞིག་བཀོད་ཀྱི་ཡོད། དེ་ནི་གལ་ཏེ་པེ་ཅིང་གི་དྲུག་བཞི་དོན་རྐྱེན་མེད་ན་ཁྱོད་བཙན་བྱོལ་དུ་ཡོང་མི་སྲིད་ལ། གལ་ཏེ་ཁྱོད་རྒྱ་ནག་ཏུ་མུ་མཐུད་བསྡད་པ་ཡིན་ད་ལྟའི་ཆར་དཔོན་གནས་ཆེན་པོ་ཇི་ཙམ་སླེབས་ཡོད་དམ་། ཁྱོད་རང་འགྱོད་པ་སྐྱེ་ཡི་མི་འདུག་གམ་ཞེས་པ་དེ་རེད། གལ་ཏེ་རྒྱ་ནག་མི་མང་གིས་མིའི་ཚེ་སྲོག་གི་ལྟ་བ་དེ་ནི་དམར་ཤོག་གི་དཔོན་རྭའི་ནང་དཔོན་གནས་ཆེ་ཆུང་གིས་ཚད་མཇལ་གྱི་ཡོད་ན་ནི་ང་ལ་འགྱོད་པ་ལོས་ཀྱང་ཡོད། འོན་ཀྱང་འགྲོ་བ་མིའི་རིགས་ལ་རིན་ཐང་མཇལ་བྱེད་གཞན་ཡོད་པ་དེ་ནི་སེམས་བཟང་དང་ཀུན་སྤྱོད། མིའི་རང་གཤིས་དང། དེ་བཞིན་མི་ཚོས་དམངས་གཙོ་དང་རང་དབང། འགྲོ་བ་མིའི་ཐོབ་ཐང་བཅས་ལ་བརྩོན་ལེན་གྱིས་ཚད་མཇལ་དགོས་པ་དེ་རེད། སྐབས་དེར་ང་དང་ཀྲུའུ་ཝེ་ཆོན་གཉིས་མི་འདྲ་རྒྱུ་གང་ཡང་མེད། གལ་ཏེ་དྲུག་བཞིའི་དོན་རྐྱེན་མེད་ན་ངའི་ཡུལ་གྱར་གྱི་འཚོ་བ་མེད། ང་དེ་ལྟར་མུ་མཐུད་དམར་གཞུང་གི་དཔོན་རྭར་འདུར་ཞིང་དཔོན་གནས་ནས་མ་གཡུག་པ་ཞིག་དགོས་ཚེ། ངེས་པར་དུ་ཀྲུའུ་ཝེ་ཆོན་ནང་བཞིན་ལས་འབྲས་ལ་བརྩི་མཐོང་མི་དགོས་ཤིང་ཀུན་སྤྱོད་དང་མི་གཤིས་ལའང་བརྩི་མཁན་ཞིག་མིན་དགོས།
དེ་ལྟར་བྱས་ན་ངས་རང་གིས་བུད་མེད་མང་པོ་བདག་ཅིང་སྤྱི་རྒྱུ་སྒེར་ཟ། དེ་བཞིན་མི་མང་ལ་གཉའ་གནོན་དང་གཞན་གྱིས་རང་ལུས་མེར་བསྲེག་མི་བྱེད་ཁག་མེད་དུ་ཕུད་འདེད་ཀྱིས་འགྲོ་བ་མིའི་རིགས་ལ་གཤེ་བའི་མི་ངན་ཞིག་དང། གདུག་རྩུབ་ཅན་གྱི་སྤྱང་ཀི་ཞིག་མི་འགྱུར་བར་འགན་སྲུང་བྱེད་མི་སྤོབས། དེར་བརྟེན། ངས་བསམ་པར་ང་རང་ལམ་འགྲོ་རྒྱུག་མཁན་གྱི་མི་ཞིག་ཡིན་བསམ་བཞིན་ཡོད། ང་རང་དཀོན་མཆོག་གིས་གནང་བའི་གོ་སྐབས་གཅིག་ཐོབ་རྗེས་དམར་ཤོག་གི་དཔོན་རྭ་ནས་ཁ་བྲལ་ཐུབ་པ་བྱུང་ནས་ཚེ་སྲོག་གསར་པ་ཞིག་རྙེད་པ་རེད། དེར་བརྟེན་ནས་ང་རང་གི་མི་ཚེའི་ཕྱི་མའི་ནང་དོན་དངོས་ཀྱི་མིའི་ཚེ་སྲོག་ནང་གི་རིན་ཐང་ཞིག་བརྩོན་ལེན་བྱ་བའི་གོ་སྐབས་ཀྱང་རག་ཡོད་པ་རེད།
ཀྲུའུ་ཝེ་ཆོན་ངེད་གཉིས་ཐུག་པ་དེ་ནི་ངའི་མི་ཚེའི་ནང་གི་ཟུར་ཙམ་ཡིན། བོད་མིས་རང་ལུས་མེར་བསྲེག་གཏོང་བཞིན་པར་བརྟེན་ནས་ངས་ཀྲུའུ་ཝེ་ཆོན་ཁོ་སེམས་ལ་འཁོར་ཡོད་པ་རེད། ཁོ་རང་གི་ནག་ཉེས་ནས་གཡོལ་ཐབས་མེད་པར་མ་འོངས་པར་དམྱལ་ཡུལ་དུ་ལྷུང་རྒྱུ་གཏན་འཁེལ་ཡང། ངས་ཐོག་མར་ཁོ་རང་མི་བཟང་པོ་ཞིག་ལ་ངོས་འཛིན་དང་ཡིད་ཆེས་བྱས་མྱོང་ཡོད། རྒྱ་ནག་དམར་གཞུང་གི་དཔོན་གྱི་འདུ་རྭའི་ནང་མི་བཟང་པོ་ཞིག་བསམ་པ་དེ་ནི་ཧ་ཅང་དཀའ་ཁག་ཆེ་བའི་བྱ་བ་ཞིག་རེད་འདོད། དེར་ཉེན་ཁ་ཆེན་པོ་ཡོད་པ་དང། སྐབས་དང་དུས་མ་ངེས་པའི་ནང་གཞན་གྱིས་རྨིག་མེད་གཏོང་ཆོག་ཆོག་དང་མཐར་ཐུག་ལ་རྒོལ་བའི་ཉེན་ཁ་དེ་འདྲ་ཡོང་ངེས་རེད། དེ་ནི་མི་བཟང་པོ་ཞིག་མི་ངན་ལ་བསྒྱུར་བ་དང་། འགྲོ་བ་མི་ཞིག་ཡིན་ན་སྤྱང་ཀི་ལྟ་བུར་བསྒྱུར་བྱེད་ཀྱི་དཔོན་གྱི་འདུ་རྭ་ཞིག་རེད། ཀྲུའུ་ཝེ་ཆོན་དང་རྒྱ་ནག་དམར་པོའི་དཔོན་རྭ་ཡོངས་རྫོགས་གཅིག་མཚུངས་རེད། གལ་ཏེ་མི་ཞིག་ཡིན་པའི་ཆ་ནས་ཁོ་ལ་སྐྱོན་ཆ་ཡོད་སྲིད་པ་ཡིན། ཁོ་རང་གསོན་ཐབས་དགོས་ལ། དབང་ཆ་དང་ལོངས་སྤྱོད་ཆེད་དུ་བྱ་ངན་སྤེལ་དགོས། ཁོ་རང་ལ་གདམ་ཁའི་ལམ་བུ་གཞན་མེད་པ་རེད། ཁོ་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སྤྱང་ཀི་ཞིག་མི་འགྱུར་ཁག་མེད་རེད།
རྒྱ་ནག་དམར་ཤོག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུང་གི་འགན་འཛིན་ཀྲུའུ་ཝེ་ཆོན་གྱི་མི་ཚེའི་ལོ་རྒྱུས་མདོར་བསྡུས།
༡༩༧༤་ ལོའི་ཟླ་ ༣ པར་རྒྱ་ནག་ཅང་ཟུ་ཞིང་ཆེན་ཅེན་ཧུ་གྲོང་དུ་སྐྱེས།
༡༩༧༠ ལོའི་ཟླ་ ༧ པར་དམར་ཚོགས་ནང་ཞུགས།
༡༩༧༠ ལོའི་ཟླ་༨ པར་ལས་ཀར་ཞུགས། རྒྱ་ནག་སྤྱི་ཚོགས་ཚན་རིག་ཞིབ་འཇུག་སློབ་ཆེན་གསར་འགོད་ཚན་པའི་ཆེད་ལས་ནས་ཐོན། ཞིབ་འཇུག་སློབ་མའི་ཡོན་ཚད་དང་འབུམ་རམས་པ། དེ་མིན་ཞིབ་འཇུག་པའི་མིང་ཐོབ་ཡོད། ད་ཆ་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་འགན་གཙོ་རིམ་པའི་གོ་གནས་དང་འགན་གཙོ་གཞོན་པ་ཡིན།
༡༩༦༥ ནས་ ༡༩༧༠ བར་རྒྱ་ནག་མི་མང་སློབ་ཆེན་སྐད་ཡིག་རྩོམ་རིག་སྡེ་ཚན་དུ་སློབ་གཉེར་བྱས།
༡༩༧༠ ནས་ ༡༩༧༢ བར་ལེའོ་ཉིང་ཞིང་ཆེན་ཧྲིན་ཡང་གྲོང་ཁྱེར་དགེ་འོས་སློབ་གྲྭ་དང་པོར་དགེ་རྒན་བྱས།
༡༩༧༢ ནས་ ༡༩༧༧ བར་དམར་ཤོག་ཟི་ཁྲོན་ཞིང་ཆེན་ཁྲིང་ཏུའུ་གྲོང་ཁྱེར་ལྷན་ཁང་དྲིལ་བསྒྲགས་སྡེ་ཚན་གྱི་ལས་ཀ་བྱེད།
༡༩༧༧ ནས་ ༡༩༧༨ བར་ཅང་ཟུའུ་ཞིང་ཆེན་མཐོ་རིམ་སློབ་གསོ་སྡེ་ཚན་གྱི་ལས་བྱེད་ཡིན།
༡༩༧༨ ནས་ ༡༩༨༢ བར་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་ཆེན་གསར་འགོད་སྡེ་ཚན་དུ་ཆེད་ལས་སྦྱོང། ༼ དེའི་རིང་ ༡༩༨༠ ལོའི་ཟླ་ ༣ ནས་ ༡༩༨༡ ལོའི་ཟླ་ ༡༢ བར་ནན་ཟི་ལ་ཧྥུ་རྒྱལ་ཁབ་ཀི་ལེ་སློབ་ཆེན་དུ་སློབ་སྦྱོང་བྱས། ༽
༡༩༨༢ ལོ་ནས་ ༡༩༩༡ ལོ་བར་མི་མང་ཉིན་རེའི་གསར་ཁང་རྒྱལ་སྤྱིའི་སྡེ་ཚན་དུ་གསར་འགོད་པ་དང་རྩོམ་སྒྲིག རྩོམ་སྒྲིག་ཁང་ཐོག་མའི་རྩོམ་སྒྲིག་རྒན་གཞོན་གྱི་ལས་ཀ་བྱས།༼ དེའི་རིང་ ༡༩༩༡ ལོའི་ཟླ་ ༤ པ་ནས་ ༡༩༩༡ ལོའི་ཟླ་ ༡༠ བར་དམར་ཤོག་དབུས་གཞུང་ལས་ཁང་དུ་རྟག་དཔྱད་དང་ཞིབ་འཇུག་སྡེ་ཚན་དུ་ལས་གཡར་བྱས། ༽
༡༩༩༡ ལོ་ནས་ ༡༩༩༨ བར་དབུས་གཞུང་ལས་ཁང་རྟག་དཔྱད་ཞིབ་འཇུག་དྲིལ་བསྒྲགས་སྡེ་ཚན་གྱི་ལས་རིམ་གཞོན་པའི་ཞིབ་འཇུག་པ་དང་ཚོགས་ཆུང་གི་འགན་གཙོ་གཞོན་གཉིས་ཀྱི་ལས་ཀ་བྱས། ༼ ༡༩༩༣ ལོའི་ཟླ་ ༩ པར་སྡེ་ཚན་རིམ་པ་གོང་མའི་གོ་གནས་ཡོད། ༽འཐབ་ཕྱོགས་ཚོགས་ཆུང་དང་རྟག་དཔྱད་ཁང་གི་འགན་གཙོ་དང་འགན་གཙོ་གཞོན་པ་བྱས།
༡༩༩༨ ནས་ ༢༠༠༣ བར་དབུས་འཐབ་ཕྱོགས་ཁང་གི་འགན་གཙོ་གཞོན་པ།༼ དེའི་རིང་ ༢༠༠༡ ཟླ་ ༣ པ་ནས་ ༢༠༠༡ ཟླ་ ༥ པ་བར་དབུས་དམར་ཚོགས་ཞིང་ཆེན་རིམ་པའི་ལས་བྱེད་ཟབ་སྦྱོང་འཛིན་གྲྭར་ཞུགས། ༽
༢༠༠༣ ནས་ ༢༠༠༦ བར་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་དང། རྒྱ་ཡོངས་སྲིད་གྲོས་དྲུང་གཞོན་གཅིག་ཅོག་བྱས།
༢༠༠༦ ནས་ ༢༠༠༨ བར་དབུས་འཐབ་ཕྱོགས་གཅིག་གྱུར་འགན་གཞོན་༼ རྒྱུན་ལྷན་གྱི་ལས་ཀ་བྱེད་ཅིང་པུའུ་རིམ་པ་གོང་མའི་གོ་གནས་ཡོད། ༽རྒྱ་ཡོངས་སྲིད་གྲོས་དྲུང་ཆེ་གཅིག་ཅོག་བྱས།
༢༠༠༨ ནས་ ༢༠༡༢ བར་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་འགན་གཞོན་ཡིན།༼ རྒྱུན་གཏན་རྒྱུན་ལྷན་གྱི་ལས་ཀ་བྱེད་ཅིང་པུའུ་རིམ་པ་གོང་མའི་གོ་གནས་ཡོད། ༽
༢༠༡༢ ལོར་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་གཞོན་ཡིན། ༼ པུའུ་རིམ་པ་གོང་མའི་གོ་གནས་ཡོད། ༽
དེ་བཞིན་དམར་ཤོག་སྐབས་བཅུ་དྲུག་དང་བཅུ་བདུན། སྐབས་བཅུ་དྲུག་པར་དབུས་སྒྲིག་ཁྲིམས་ཞིབ་གཤེར་ལྷན་ཁང་གི་རྒྱུན་ལས། སྐབས་བཅོ་བདུན་པའི་དབུས་རྒྱུན། སྲིད་གྲོས་སྐབས་བཅུ་འི་རྒྱལ་ཡོངས་ལྷན་ཁང་གི་རྒྱུན་ལས་བཅས་ཡིན་པ་རེད།
མ་རྩོམ་གྱི་འབྲེལ་ཐག་གཤམ་གསལ་ལྟར་ཡིན།
http://boxun.com/news/gb/pubvp/2012/12/201212020721.shtml#.UL7wpO-UlnE