ངས་དྲ་གྲོགས་ཤིག་འཚོལ་གྱི་ཡོད། ཁྱེད་ཀྱིས་མཐོང་ཐོས་བྱུང་ཚེས་་་་་་་
ཁོང་ངེད་གཉིས་ཀྱི་འབྲེལ་བ་དེ་ནི་ཚོང་ཤག་དང་ཟ་རོགས་འཐུང་རོགས་སོགས་ཀྱི་འབྲེལ་བ་ལས་བྱུང་བའི། གདོང་དང་གདོང་ཐུག་པའི་འབྲེལ་བ་དམ་ཟབ་དེ་མ་རེད་ལ། ཁྱོ་ཤི་ང་ཤི་བྱེད་སའི་གཡུལ་ས་ལས་བྱུང་བའི་མནའ་ཤག་བློས་ཐུབ་དེ་དེ་བས་ཀྱང་མ་རེད།
ངས་ཉིན་ཁ་ཤས་ཤིག་གི་སྔོན་ནས་རྩོམ་ཡིག་ཅིག་འབྲི་དགོས་བསམ་ཡང་ལས་བྲེལ་གྱིས་དུས་ཐོག་ཏུ་འབྲི་ཁོམ་བྱུང་མ་སོང་བས། ནམ་ལངས་ཀྱང་རུང་མུན་རུབ་ཀྱང་རུང་ཉིིིན་འདི་ཚོར་སེམས་ཁ་ཁེངས་པ་ཞིག་གཏན་ནས་མི་འདུག སྤྱིར་བཏང་བཤད་ན། ང་ཚོའི་ཁ་དཔེར། སྐལ་མེད་སར་སྐེ་བསྲིངས་ཞེས་པའི་དཔེ་ལྟར། ངས་ཇུས་གཏོགས་ཆེན་པོས་ཁོང་འདི་ལྟར་འཚོལ་དགོས་དོན་གཏན་ནས་མེད། རྒྱུ་མཚན་ནི། ཁོའི་གདོང་པ་ངས་མཐོང་མྱོང་མེད་ལ་ངའི་གདོང་པ་ཁོས་ཀྱང་མཐོང་མྱོང་མེད་པས་རེད། ད་དུང་ཁ་གསལ་པོར་བཤད་ན་ངེད་གཉིས་ཀྱི་དབར་ལ་འདི་ལྟར་གཅིག་གིས་གཅིག་བརྗེད་མི་ཐུབ་པའི་འབྲེལ་བ་དམིགས་བསལ་བ་དང། བསྐྱར་དུ་གླེང་དགོས་པའི་ལོ་རྒྱུས་གསར་པ་གང་ཡང་མེད།
ཡིན་ན་ཡང་ཕྱོགས་གཞན་ཞིག་ནས་བསམ་ན། རྩ་བས་འགྲོ་བ་མི་ཚང་མར་ཕན་ཚུན་ལ་ངོ་ཤེས་ཀྱི་འབྲེལ་བ་ཡོང་སྟངས་སྣ་ཚོགས་ཤིག་ཡོད་པ་ལས། རེ་ཟུང་ལ་ཚོང་གི་ངོ་ཤེས་དང་། རེ་ཟུང་ལ་ཟ་རོགས་འཐུང་རོགས་སོགས་ཀྱི་འབྲེལ་བས་ངོ་ཤེས་བྱུང་གི་ཡོད་ན་ཡང་། ཁོང་ངེད་གཉིས་དབར་ངོ་ཤེས་ཀྱི་འབྲེལ་བ་བྱུང་སྟངས་དེ་དེ་འདྲ་ཞིག་གཏན་ནས་མ་རེད། དེ་བས་མཚམས་འདིར་ངས་ཁོང་ངེད་གཉིས་དབར་གྱི་འབྲེལ་བ་བྱུང་སྟངས་དེ་འདི་ལྟར་འགྲེལ་བརྗོད་བྱེད་འདོད་བྱུང་།
ཁོང་ངེད་གཉིས་ཀྱི་འབྲེལ་བ་དེ་ནི་ཚོང་ཤག་དང་ཟ་རོགས་འཐུང་རོགས་སོགས་ཀྱི་འབྲེལ་བ་ལས་བྱུང་བའི། གདོང་དང་གདོང་ཐུག་པའི་འབྲེལ་བ་དམ་ཟབ་དེ་མ་རེད་ལ། ཁྱོ་ཤི་ང་ཤི་བྱེད་སའི་གཡུལ་ས་ལས་བྱུང་བའི་མནའ་ཤག་བློས་ཐུབ་དེ་དེ་བས་ཀྱང་མ་རེད། དེའི་ཕྱིར་ཁོང་ངེད་གཉིས་ཀྱི་འབྲེལ་བ་དེ་ནི་བང་ཆེན་ཟིན་བྲིས་ཐོག་ནས། དྲ་ལམ་གསལ་མི་གསལ་དང་དྲ་སྒོ་ཕྱེ་མི་ཕྱེ་སོགས་ཀྱི་དཀའ་ངལ་ལ་གདོང་ལེན་གྱིས། དུས་ཡུན་རིང་པོར་ཕན་ཚུན་ལ་ཚིག་ངན་འབྲི་རེས་དང་བགྲོ་གླེང་བྱ་རེས་བྱས་པའི་ལམ་ཁ་ཆུང་ཆུང་དེ་ནས་བྱུང་བ་ཞིག་རེད། དེ་བས་ཕྱོགས་ཞིག་ནས་ཁོང་ངེད་གཉིས་ཀྱི་དབར་ལ་བརྗེད་མི་ཐུབ་པའི་ལོ་རྒྱུས་རྙིང་པ་དང་། འབྲལ་མི་ཐུབ་པའི་གྲོགས་པོའི་འབྲེལ་བ་ཡང་ལོས་ཡོད།
དེ་ལྟར་ཁོང་ནི་ནམ་རྒྱུན་ངའི་རྩོམ་ཡིག་དག་གི་ཁ་གཏད་དུ་ལངས་པའི་དྲ་གྲོགས་བློས་ཐུབ་དེ་རེད་ལ། བང་ཆེན་ཟིན་བྲིས་ཐོག་རྩོམ་ཡིག་སྤེལ་མང་ཤོས་དང་ཟིན་བྲིས་པ་དག་གི་རྩོམ་ཡིག་ལ་མཆན་འདེབས་མང་ཤོས་ཀྱི་དྲ་གྲོགས་རྙིང་པ་དེ་རེད། དེ་བས་ཉིན་འདི་ཚོར་ཁོང་བང་ཆེན་ཟིན་བྲིས་ཐོག་ནས་བོར་ཏེ་ཟླ་ཤས་འགོར་སོང་བ་དང་ངས་ཁོང་རྩོམ་ཡིག་གི་ལམ་ནས་འཚོལ་གྱི་ཡོད་པས། དྲ་གྲོགས་ཚོེས་ཁོའི་སྐོར་གྱི་གནས་ཚུལ་གོ་ཐོས་བྱུང་ཚེ་སོ་སོའི་ཟིན་བྲིས་ཐོག་གཏོང་རོགས།
ཁོང་ནི་བོད་ཀྱི་བང་ཆེན་ཟིན་བྲིས་པ་ཅོ་རི་ཉི་མ་རེད། ཁྱེད་ཚོས་བསམ་ན་ངས་གོང་དུ་བཤད་པ་ལྟར་ངེད་གཉིས་ཀྱིས་ཕར་ངོ་ཚུར་ངོ་ཤེས་ཀྱི་མེད་པས། འདི་ལྟར་ཕན་ཚུན་ལ་གྲོགས་པོ་ངོ་མ་ཞིག་གི་འདུ་ཤེས་ཡོང་དགོས་དོན་མི་འདུག་བསམ་སྲིད་ཀྱི་རེད། ཡིན་ན་ཡང་་་་་