རང་བཙན་ཚང་གི་གསལ་བྱེད་སུམ་ཅུ།
༄༅། །རང་བཙན་ཚང་གི་གསལ་བྱེད་སུམ་ཅུ།
ཀ་ཁ་ག་ང་རང་གི་ཕ་སྐད་རེད། །ཁ་ཁར་ཐོར་བ་བོད་མིའི་ལང་དབང་རེད། །ག་དུས་ཐོབ་མིན་ངེས་པར་མི་འདུག་ཀྱང། །ང་ཚོ་རང་བཙན་ཡིན་པ་མངོན་གསལ་རེད། །
ཅ་ག་གཅེས་སྤྲས་ཡག་པོ་མ་བྱེད་ན། །ཆ་ཀ་ལང་ཕྱོགས་གཅིག་པ་མ་ཡིན་ཙམ། །ཇ་ཐུན་གཅིག་གི་དུས་ཡུན་ཐུང་ངུ་ནང་། །ཉ་གང་སྤྲིན་པས་གཡོག་ན་སྐྱོ་བ་ལ། །ཏཱ་ལི་བླ་མིའི་བཀའ་ཡིན་ཟེར་ཞོར་དུ། །ཐ་ཁུག་སྐེད་ལ་འདོགས་པའི་མི་ངན་འགའ། །ད་ཆ་རྡ་སའི་ལམ་ཁ་གཡས་གཡོན་ན། །ན་གཞོན་ཚོགས་པར་ཧ་ཅང་སྡང་འདུག་ཟེར། །པ་ཕ་དམ་པའི་ཁྲག་དང་རུས་པ་ཡིས། །ཕ་གཞིས་སྲུང་ཡི་ལོ་རྒྱུས་བདེན་པའི་གཏམ། །བ་གླང་མིན་ན་གཟིགས་དང་ཡོད་ཚད་དག།། མ་ལུས་རང་བཙན་ཆེད་དུ་མ་རེད་དམ། །ཙ་ར་ར་ཞིག་དྲང་པོས་མ་དེད་ན། །ཚ་ངད་ནད་ཀྱིས་མནར་བའི་མགོ་བདེ་འགས། །ཛ་ལང་ཐབས་ཀྱིས་ཁྲབ་པའི་གར་འཁྱམ་འདི། །ཝ་སྐྱེས་ཝ་ལ་སྡང་པ་མིན་ན་ཅི། །ཞ་འཐེང་འགྲོས་མཚུངས་བོད་ཀྱི་བྱུང་རབས་ནང། །ཟ་རྩོད་འཐུང་རྩོད་རྐྱང་པ་བྱེད་བྱེད་ནས། །འ་ཆད་འུ་ཐུག་འདི་འདྲ་བྱུང་ཡོད་ཀྱང། །ཡ་མཚན་ད་དུང་ནང་ཁུལ་རྩོད་ནས་ལྷག།། ར་ས་རྒྱལ་ཁར་བྲལ་ནས་ཡོང་བའི་དུས། །ལ་ལུང་བརྒལ་ནས་མི་རོས་བསྐྱེལ་ཡོད་པས། །ཤ་མཆོག་སྙིང་ལ་དྲོད་ཤ་ཅུང་ཡོད་ན། །ས་མཐོ་བོད་ཀྱི་རང་བཙན་མ་བརྗེད་ཅིག།། ཧ་གཉིད་སད་པ་ནམ་བཞིན་བྱེད་དགོས་ཀྱང། །ཨ་ཀྱོག་པ་ཀྱོག་ལམ་དུ་མ་བཞུགས་ཤིག ། ཧ་ཅང་མང་བའི་བོད་ཀྱི་སོན་རྩ་དག།། ཨ་ཕའི་ཐོབ་ཐང་མེད་ན་འགྱོད་ཅིང་ཕོངས།
སྟག་ལྗོངས་འཆི་མེད་ཀྱིས་༢༠༡༣/༡/༡༠ཉིན་མོའི་རྩོམ་གྱི་ཕུད་དུ་སྐར་མ་ཉེ་ཤུའི་ནང་འཇུག་རྫོགས་པར་བྲིས།